རི་རྡིབ་ཆུ་བོ་བྲུག་པའི་ངོ་མཚར།༼ད་ལྟའི་སྡེ་དགེ་དཔར་ཁང་བཀྲ་ཤིས་སྒོ་མང་ལ་འཚམས་འདྲིར་བཅར་བ།༽

ཡི་དམ་ཚེ་རིང་ནས་བརྩམས། བཀྲ་ཤིས་ཚེ་རིང་ནས་བསྒྱུར།    ཁ་བའི་ལྗོངས།    2013-08-09

ནུབ་དང་བྱང་ནས་འཕགས་པའི་རི་རྩེ་མདང་ནུབ་གློ་བུར་ཁྲི་གསུམ་རྡིབ།།
ཤར་ལྷོ་གཉིས་སུ་འབབ་པའི་ཆུ་བོ་ད་ནངས་གློ་བུར་རྒྱས་ཤིང་བྲུག་ཚུལ་དེ་རང་བྱུང་འཇིག་རྟེན་ཁམས་འདི་དྲག་འགྱུར་བྱུང་རྟགས་མ་ཡིན་ཏེ།།
སྡེ་དགེའི་གསེར་སྒམ་རིག་པའི་བང་མཛོད་མྱུར་མགྱོགས་ཤིང་རྟས་བཏེགས་ལས་བྱུང་།།
 
མེ་ཏོག་གཉེར་བའི་སྦྲང་མ་ཀུན་གྱིས་ལྟོ་འགྲངས་འབའ་ཞིག་བསམ་པ་མིན།།
 
གངས་ལྗོངས་ནས་འབྲུ་སྲན་མའི་ཕུང་བོར་མེ་ཏོག་སྣུམ་བཅུད་དབེན་གྱུར་ན།།
ཁྲི་ཕྲག་རྐྱང་རྒོད་གཡེར་བ་ལྡན་ཡང་༼གེ་སར༽རྩོམ་རིང་འདྲེན་མི་ནུས།།
  • ལེ་ཚན་སྔོན་མ།:ཁེངས་སྐྱུང་།
  • ལེ་ཚན་རྗེས་མ།:ཁ་བ་དཀར་པོའི་བརྩེ་སེམས།༼བདེ་ཆེན་གྱི་ཁ་བ་དཀར་པོའི་ངོ་མཚར།༽