ཁེངས་སྐྱུང་།

ཡི་དམ་ཚེ་རིང་ནས་བརྩམས། བཀྲ་ཤིས་ཚེ་རིང་ནས་བསྒྱུར།    ཁ་བའི་ལྗོངས།    2013-08-09

ཆུ་ཕྲན་དྭངས་མོས་སྐད་ཆེན་སྒྲོག་ཅིང་རི་ཚོགས་སྐྱེ་དངོས་གཉིད་ལས་བསླངས། །
སྔོ་བསངས་ནེའུ་ལྗང་མེ་ཏོག་བཀྲག་མདངས་ཁོ་བོའི་བཀའ་དྲིན་ཡིན་ནོ་ཟེར།།
ས་རྡུལ་གཟུགས་ཀྱི་རི་དབང་རྒྱལ་པོར་དཀའ་སྤྱད་བརླན་གཤེར་མ་འཛོམས་ན། །
ཤག་ཤག་འུར་སྒྲ་ལྷུང་ལྷུང་འབབ་པའི་ཆུ་ཕྲན་ཁྱེད་ཉིད་་གང་ནས་འབྱུང་། །
 
མཁས་ཚུལ་སྒོ་མོར་འཇུག་འདོད་སྐྱེས་བུར་རྒྱང་རིང་བསམ་པའི་བློ་ཁོག་དགོས། །
 
བརྩོན་འགྲུས་རྔུལ་ཁྲག་གཅིག་ཏུ་བསགས་པའི་ཀླུང་ཆེན་ཆུ་བོར་སྒྲ་ཆུང་ཡང་། །
ཉིན་མཚན་ངལ་བ་ཁྱད་དུ་བསད་ནས་ཟབ་ཡངས་རྒྱ་མཚོའི་འཇིངས་སུ་བསྐྱོད། །
  • ལེ་ཚན་སྔོན་མ།:བླ་སྲོག་གསོན་པོའི་འཛིན་ཐག༼མཚན་མོ་རྒྱུ་ལ་རི་བོར་གཟིགས་པ།༽
  • ལེ་ཚན་རྗེས་མ།:རི་རྡིབ་ཆུ་བོ་བྲུག་པའི་ངོ་མཚར།༼ད་ལྟའི་སྡེ་དགེ་དཔར་ཁང་བཀྲ་ཤིས་སྒོ་མང་ལ་འཚམས་འདྲིར་བཅར་བ།༽