བླ་སྲོག་གསོན་པོའི་འཛིན་ཐག༼མཚན་མོ་རྒྱུ་ལ་རི་བོར་གཟིགས་པ།༽

ཡི་དམ་ཚེ་རིང་ནས་བརྩམས། བཀྲ་ཤིས་ཚེ་རིང་ནས་བསྒྱུར།    ཁ་བའི་ལྗོངས།    2013-08-09

འགྱུར་བག་སྟོང་ལྡན་སྤྲིན་དཀར་ཕུང་བོར་སྒེག་ཉམས་ཇི་ལྟར་ལྡན་ཀྱང་རུང་།།
སྤྲིན་གསེབ་གངས་རི་དངུལ་མདོག་ཅན་གྱིས་ཁོ་བོའི་ཡིད་སེམས་སྤྲོ་བར་བྱས།།
འོད་སྣང་ལྡན་པ་ཉི་མ་ཟླ་བ་ལྷ་ལམ་ཡངས་པོར་བྱུང་བ་ནས།།
གཞན་དོན་བདེ་སྐྱིད་སེམས་པའི་ཤུགས་ཀྱིས་རང་ལུས་ནམ་མཁའི་སྐྱེས་སུ་ཕུལ།།
 
རྩེ་གཅིག་འཚོལ་སྙེག་ཕོད་པའི་བསམ་བློ་བླ་སྲོག་གསོན་པོའི་འཛིན་ཐག་ཡིན།།
 
གལ་ཏེ་བྱམས་བརྩེ་ཁ་བས་བསྐྱང་བའི་འོ་ཞོ་མངར་མོ་བརྗེད་པ་ན།།
རྒྱུ་ལ་རི་བོས་ཉིན་མཚན་ཀུན་ཏུ་གླུ་དབྱངས་གྱེར་དོན་རྟོགས་མི་སྲིད།།
  • ལེ་ཚན་སྔོན་མ།: ལམ།
  • ལེ་ཚན་རྗེས་མ།:ཁེངས་སྐྱུང་།