ལམ།

ཡི་དམ་ཚེ་རིང་ནས་བརྩམས། བཀྲ་ཤིས་ཚེ་རིང་ནས་བསྒྱུར།    ཁ་བའི་ལྗོངས།    2013-08-09

བདེ་ལམ་མགྱོགས་འགྲོའི་བང་རྩལ་རླུང་གིས་ང་ཡི་མིག་ལ་མཚར་སྣང་སྦྱིན། །
བྱེ་ཐང་རྔ་མོའི་སྒལ་ཚིགས་ཁུར་པོར་སྨོན་སེམས་ཡིད་ཀྱི་མཚོ་མོ་བརྡོལ། །
འོན་ཏེ་མཁའ་དབྱིངས་གླག་མོ་བགྲོད་དཀའི་གཡང་གཟར་གངས་རི་སྟེང་ཕྱོགས་སུ། །
ལྗགས་རིང་སྣར་བའི་གཡག་སྐྱོད་མཐོང་རྒྱ་སྟག་ཁྲ་བོའི་ངར་ལ་བལྟ།
 
བརྩོན་འགྲུས་ལྡན་པའི་ཞབས་ཟུང་གནས་སུ་མི་སླེབས་བཤུལ་ལམ་ཡོད་མ་ཡིན། །
 
སྐུ་ཉིད་ཆུ་རྐྱལ་ནུས་པ་ཙམ་ལ་འུད་ཤོད་སྟོང་སྒྲ་མ་ལྡིར་ཅིག །
བདག་གི་མེས་པོའི་མགུལ་རྒྱན་རིན་ཆེན་རྒྱ་མཚོའི་གཏིང་གི་བྱུ་རུ་ཡིན། །
                ༡༩༨༢  ༡༢  ལན་གྲུར།
  • ལེ་ཚན་སྔོན་མ།:ལྷད་མེད་སེམས་སྒྲ་འབྱིན་པའི་པི་ཝང་།༼ཁམས་ཀྱི་ཀ་ཐོག་བྲག་རི།༽
  • ལེ་ཚན་རྗེས་མ།:བླ་སྲོག་གསོན་པོའི་འཛིན་ཐག༼མཚན་མོ་རྒྱུ་ལ་རི་བོར་གཟིགས་པ།༽