ལྷད་མེད་སེམས་སྒྲ་འབྱིན་པའི་པི་ཝང་།༼ཁམས་ཀྱི་ཀ་ཐོག་བྲག་རི།༽

ཡི་དམ་ཚེ་རིང་ནས་བརྩམས། བཀྲ་ཤིས་ཚེ་རིང་ནས་བསྒྱུར།    ཁ་བའི་ལྗོངས།    2013-08-09

ཀ་ཐོག་བྲག་རིའི་རྩེ་མོར་གསལ་བའི་རྟག་བརྟན་ཡི་གེ་སེམས་ཤིང་བསམ་པའི་ཚེ།།
དབྱངས་ཅན་ལྷ་མོས༼དགྱེས་གླུ༽གྱེར་བཞིན་དགའ་བའི་རོལ་རྩེད་མངོན་སུམ་མྱོང་དང་མཚུངས།།
དེ་འཕྲལ་ཉམས་སྣང་ཡི་གེ་ལས་འཁྲུངས་མི་ཕམ་རྒྱ་མཚོའི་པི་ཝང་དཀྲོལ་བའི་ཚེ།།
གངས་ལྗོངས་རབ་གཙང་ཆུ་བོ་རྒྱུགས་ལྟར་ང་རང་བྷོད་མིའི་ལྷད་མེད་སེམས་སྒྲ་འབྱིན།།
 
བྲག་རི་འདི་ཡི་འཕར་རྩ་ཉག་ཅིག་རྩལ་ལྡན་བྲག་ལ་མཁས་པའི་གཙོད་ཁྱུ་ལགས།།
 
དེང་འདིར་ཁམས་པའི་གཙུག་ན་འཚེར་བའི་མེ་ལྕེ་མཆེད་འདྲའི་རལ་བ་མཐོང་ཙ་ན།།
སྲེག་ཟས་ཉེན་པའི་ཉི་མ་དམར་པོས་ལྟེབ་རྩེག་བར་གསེང་ཡངས་པོ་བསྲེག་དང་མཚུངས།།
 
  • ལེ་ཚན་སྔོན་མ།:རི་རབ་དང་ཐང་ཤིང་།
  • ལེ་ཚན་རྗེས་མ།: ལམ།