བདེ་ཆེན་ཁུལ་གྱི་རླུང་བརྙན་འཕྲིན་མ་ལག་གི་ལས་བྱེད་པའི་རྐང་གྲག་འགྲན་བསྡུར་འགོ་ཚུགས།

    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།    2013-08-09

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ8པའི་ཚེས2ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་རླུང་འཕྲིན་དང་བརྙན་འཕྲིན་མ་ལག་གིས་སྐབས་དང་པོའི་ལས་བྱེད་པའི་ལུས་རྩལ་འགྲན་ཚོགས་ཀྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དེ་སེམས་ཀྱི་ཉི་ཟླ་རྫོང་རྒྱལ་ཐང་གྲོང་རྡལ་སློབ་ཆུང་དུ་དངོས་སུ་འགོ་ཚུགས་པ།བདེ་ཆེན་ཁུལ་རླུང་འཕྲིན་བརྙན་འཕྲིན་ཅུས་དང་།བདེ་ཆེན་ཁུལ་རླུང་འཕྲིན་བརྙན་འཕྲིན་ཁང་།བདེ་ཆེན་རླབས་འབྲིང་ཁང་།བདེ་ཆེན་ཉམས་ཞིབ་ཁང་གི་འཐུས་མི་རུ་ཁག4ཡི་རྐང་རྩེད་སྤོ་ལོ་དགའ་མཁན30ལྷག་གིས་མིང་ཐོ་བཀོད་ནས་འགྲན་བསྡུར་དུ་ཞུགས་ཡོད།
འགྲན་ཚོགས་ཀྱི་ཐོག བདེ་ཆེན་རླུང་འཕྲིན་བརྙན་འཕྲིན་གྱི་ལས་བྱེད་མི་སྣས་མཐུན་སྒྲིལ་རོགས་རེས་དང་ཧུར་སྐྱེད་ཡར་བརྩོན་གྱི་བསམ་པའི་རྣམ་པ་མཚོན་ཡོད།
ཤེས་གསལ་བྱུང་དོན།རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནི་རང་ཁུལ་རླུང་འཕྲིན་བརྙན་འཕྲིན་སྡེ་ཁག་གི་སྐབས་དང་པོའི་ལས་བྱེད་པའི་ལུས་རྩལ་འགྲན་ཚོགས་ནང་གི་རྣམ་གྲངས་ཤིག་ཡིན།འགྲན་བསྡུར་གྱིས་མི་7རྣམ་པའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་གྱི་ཚད་གཞི་ལ་གཞིགས་ནས།འཁོར་སྐྱོད་འགྲན་བསྡུར་གྱི་བྱེད་སྟངས་སྤྱད་དེ།མཐའ་མར་སྔོན་མའི་ཨང་གསུམ་པ་བདམས་ལེན་བྱེད་རྒྱུ་ཡིན།ཟླ་8པའི་ཚེས་8ཉིན་ལུས་རྩལ་འགྲན་བསྡུར་གྱི་འགོ་ཚུགས་མཛད་སྒོ་སྤེལ་བ། ད་དུང་ལན་ཆིའུ་སྤོ་ལོ་དང་ཕིང་ཕང་ཆིའུ།ཤུགས་འགྲན་ཐག་འཐེན།རིག་རྩལ་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་ཏེ།ལུས་རྩལ་འགྲན་ཚོགས་ཟླ་8པའི་ཚེས་11ཉིན་མཇུག་རྫོགས་རྒྱུ་རེད།  ། 
  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་གྱིས་ཁེ་ལས་འཕེལ་རྒྱས་མཐུན་ཚོགས་གསར་དུ་བཙུགས།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་ནད་འགོག་ལྟེ་གནས་ཀྱིས་དམངས་ཡོངས་བདེ་ཐང་རྐང་ཐང་དྲིལ་བསྒྲགས་རྩ་འཛུགས་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།