ཞབས་བྲོའི་ཕ་ཡུལ་ལ་བརྩེ་སེམས་བཅངས་ནས་དཀར་མཛེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་།

སྒྲོལ་མ་ཚེ་མཚོས་བསྒྱུར།        2013-08-08

ཟླ་བ7པའི་ཚེས29ཉིན་ནས་ཚེས31ཉིན་གྱི་བར་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་སྲིད་གཞུང་གི་ཁུལ་དཔོན་ཡེ་ཤེས་ཟླ་བ་ཞབས་བྲོའི་ཕ་ཡུལ་ཞེས་པའི་དཀར་མཛེས་རྫོང་དུ་ཕེབས་ནས་རྫོང་གྲོང་ཁུལ་གྱི་འཆར་འགོད་འཛུགས་སྐྲུན་ལ་བརྟག་དཔྱད་ཞིབ་འཇུག་གནང་བ་དང་ཤང་གྲོང་ལ་ཕེབས་ནས་འབྲོག་པའི་གཞིས་ཆགས་ས་དང་གྲོང་དམངས་ཀྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་ཚུལ་ལ་གཟིགས་ཞིབ་གནང་བ་དང་།ཤང་གྲོང་གི་ལས་བྱེད་པ་ལ་འཚམས་འདྲི་གནང་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་བསྐྱལ་བ་རེད།
    ཚེས29ཉིན་གྱི་ཉིན་གཞུང་ལ་བྲག་འགོ་རྫོང་ནས་དཀར་མཛེས་རྫོང་དུ་ཕེབས་རྗེས།ཡེ་ཤེས་ཟླ་བས་ལམ་སང་དཀར་མཛེས་རྫོང་གི་ཉག་ཆུ་ཟམ་ཆེན་དུ་ཕེབས་ནས་ཡུལ་དངོས་སུ་རྒྱལ་ལམ317པའི་དཀར་མཛེས་རྫོང་གྲོང་ཁུལ་གྱི་ལམ་དུམ་བུ་བསྒྱུར་བཀོད་འཛུགས་སྐྲུན་དང་དཀར་མཛེས་རྫོང་གི་གྲོང་ཁུལ་གསར་པ་འཆར་འགོད་འཛུགས་སྐྲུན་བྱེད་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་གནང་བ་རེད།ལམ་བར་དུ་གཟིགས་པ་དང་ཉན་པ།འདྲི་བ་དང་།རྫོང་གྲོང་ཁུལ་གྱི་མཐའ་སྐོར་འཛུགས་སྐྲུན་གྱི་འཆར་འགོད་གཟིགས་རྟོགས་ཞིབ་ཕྲ་གནང་བ་དང་།དཀར་མཛེས་རྫོང་གི་སྐྱེ་ཁམས་ཐོན་ལས་ལྡུམ་ཁུལ་འཆར་འགོད་དང་དཀར་མཛེས་ཀ་རག་འཁོར་སྐྱོད་དཔལ་འབྱོར་བཟོ་ལས་ལྡུམ་ཁུལ་འཆར་འགོད་ཀྱི་བཤམས་པང་ལ་གཟིགས་རྗེས།ཁོང་གིས་གསུངས་རྒྱུར།དཀར་མཛེས་རྫོང་གིས་ངེས་པར་དུ་ཚན་རིག་དང་མཐུན་པའི་གྲོང་ཁྱེར་འཛུགས་སྐྲུན་འཆར་འགོད་བཟོ་འགོད་བྱས་ནས་འཆར་འགོད་ཀྱི་གལ་ཆེ་བའི་རང་བཞིན་ལ་ངོས་འཛིན་བྱ་རྒྱུ་མཐོ་རུ་གཏོང་དགོས་པ་དང་།སྔོན་དུ་འཆར་འགོད་ལག་བསྟར་ནན་པོ་བྱེད་པ་དང་དེ་རྗེས་འཛུགས་སྐྲུན་གྱི་བླང་བྱ་བཏོན་པ་དང་ཆབས་ཅིག འཛུགས་སྐྲུན་གྱི་ཁྲོད་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུར་མཐོང་ཆེན་བྱེད་དགོས།
  • ལེ་ཚན་སྔོན་མ།:ཞུང་ཅན་ཕིང་གིས་ཀྲེན་ཅང་ཞིང་ཆེན་སྲིད་གཞུང་གི་རྟོག་ཞིབ་ཚོགས་པ་ཁྲིད་ནས་རང་ཁུལ་དུ་ཕེབས་ཏེ་བརྟག་དཔྱད་ཞིབ་
  • ལེ་ཚན་རྗེས་མ།: བརྒྱད་ཟིལ་རྫོང་གི་ཞིང་འབྲོག་མི་དམངས་ཕྱི་ལ་ཡོང་འབབ་སྒྲུབ་ས་འགྲོ་བར་ཐབས་ལམ་ཡོད།
  • དོ་སྣང་ཆེ་བའི་རྩོམ།