འཇང་ས་དམ་རྒྱལ་པོ།

        2010-11-19

འཇང་ཡུལ་གྱི་མགོ་དཔོན་ཏེ།སྒྲུང་ཡིག་ལས་འཇང་ས་དམ་རྒྱལ་པོ་ཞེས་པར་གྲགས།རྒྱལ་པོ་འདིས་རྫུ་འཕྲུལ་སྟོན་ཤེས་ཞིང་།དྲག་རྩལ་ལ་མཁས་པ་དང་རྒྱལ་ཁབ་ནང་ལ་བཙན་གནོན་དང་།རྒྱལ་ཁབ་ཕྱི་ལ་བཙན་འཛུལ་བྱེད་པའི་གདུག་རྩུབ་ཅན་གྱི་རྒྱལ་ངན་ཞིག་རེད།གླིང་གི་ཚྭ་མཚོ་དེ་འཇང་གི་མངའ་འོག་ཏུ་བསྡུ་བའི་ཆེད་དུ།ཁོས་གནམ་འོག་གི་འཇིགས་སྐྲག་གང་ལ་ཡང་མི་ལྟ་བར་འཇང་དམག་མངགས་ནས་ཚྭ་མཚོ་བཙན་བཟུང་བྱས།དེའི་ཕྱིར་འཇང་གླིང་རྒྱལ་ཁབ་གཉིས་ཀྱི་བར་དུ་དམག་འཁྲུག་ལོ་དགུ་ལ་བརྒྱབ་སྟབས།འཇང་གི་དམག་དཔོན་ཕལ་ཆེར་འཐབ་འཁྲུག་གི་ནང་དུ་བསད་པ་དང་།རྒྱལ་ཁབ་ཀྱི་མངའ་ཁོངས་ཕལ་ཆེར་ཤོར་བ་རེད།ས་དམ་རྒྱལ་པོས་གེ་སར་གྱིས་སྤྲུལ་བའི་ཉ་མོ་ཟོས་པས་རང་སྲོག་ཤོར་དགོས་པར་གྱུར།མཐར་འཇང་གི་རྒྱལ་ཁབ་དེ་གེ་སར་གྱི་མངའ་འོག་ཏུ་གྱུར་ནས།གེ་སར་རྒྱལ་པོའི་བཀའ་ལུང་ལྟར་འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་གྱིས་འཇང་གི་རྒྱལ་ས་བཟུང་བ་རེད།
  • ལེ་ཚན་སྔོན་མ།:ཨ་རྒོད་ལབ་ཆེན།
  • ལེ་ཚན་རྗེས་མ།:བཙན་རྒོད་ཡམ་ཤུད་ཕག་གདོང་།