འབྲུག་སྒྲ་དྲག་པོ།༼པཎ་ཆེན་རིན་པོ་ཆེ་སྐུ་གཤེགས་ནས་ལོ་འཁོར་གཅིག་ལོན་པའི་རྗེས་དྲན།༽

ཡི་དམ་ཚེ་རིང་ནས་བརྩམས། བཀྲ་ཤིས་ཚེ་རིང་ནས་བསྒྱུར།    ཁ་བའི་ལྗོངས།    2013-08-07

ཁྱེད་སྐུ་ཕེབས་སོང་ཁྱེད་སྐུ་ཕེབས་དུས་གོམ་སྟབས་དྲང་བདེན་གཟི་བརྗིད་འབར།།
ཞབས་ཟུང་ཐོར་རླུང་གཡོས་པའི་སྟོབས་ཀྱིས་བཙན་དཔུང་གི་ཁེངས་དྲེགས་བསྙིལ།།
མདུན་བསྐྱོད་ལམ་ལ་མདང་ནུབ་རྨི་ལམ་གཟི་ལྡན་བཅུད་ཀྱི་རྒྱུན་བརྡོལ་ཞིང་།།
རབས་གསུམ་མི་རྣམས་མཉམ་སྐྱོད་ནུས་པའི་དགེ་མཚན་གསར་བའི་མཐོངས་ཡང་ཕྱེ།།
 
གནམ་ས་གཡོ་བའི་རྔམ་བརྗིད་རོལ་མོས་འཇའ་ཚོན་མཛེས་པའི་མཁའ་ལ་ཁྱབ།།
 
རིང་ནས་རེ་བའི་དར་འཁྱག་ཆུ་ཀླུང་དཔྱིད་དཔལ་དར་བའི་ཆར་གྱིས་གསོས།།
གངས་ལྗོངས་ང་ཡི་འབབ་ཆུ་བརྒྱད་ལྡན་རྦ་རླབས་འབྲུག་སྒྲ་དྲག་པོར་རྒོད།།
 
  • ལེ་ཚན་སྔོན་མ།:ཇོ་བོ་རྗེ་ཨ་ཏི་ཤ།༼མཉེས་ཐང་སྒྲོལ་མ་ལྷ་ཁང་།༽
  • ལེ་ཚན་རྗེས་མ།:སེམས་དཀར་བའི་མེ་ལོང་།༼ཡར་འབྲོག་གཡུ་མཚོར་ཕྱིན་པ།༽