འོད་འཚེར་བའི་ས་བོན།༼ཐོན་མི་སམ་བྷོ་ཊར།༽

ཡི་དམ་ཚེ་རིང་ནས་བརྩམས། བཀྲ་ཤིས་ཚེ་རིང་ནས་བསྒྱུར།    ཁ་བའི་ལྗོངས།    2013-08-07

ཐོན་མིས་འོད་འཚེར་མཁའ་མེའི་སོན་འབྲུ་གངས་རིའི་ལྗོངས་སུ་གཏོར་ཉིད་ནས།།
སྐོར་གསུམ་རུ་བཞི་སྒང་དྲུག་ལྗོངས་འདི་ཤེས་རིག་གཅིག་ལ་བསྡུས་ཤིང་དར།།
རྗེས་སོར་བརྩེ་བྲལ་རལ་གྲི་རྩུབ་མོས་མདོ་དབུས་གཉིས་སུ་གཏུབས་ཀྱང་རུང་།།
རྙིང་བར་མི་འགྱུར་སྐྱེས་ལྡན་ས་བོན་སྔར་བཞིན་བོད་མིའི་སྙིང་ལ་ཉལ།།
 
ལྷག་རླུང་དགུན་གྱི་གྲང་ངད་ལྡང་བས་རྨོ་འདེབས་དུས་ཚིགས་འགོག་མི་ནུས།།
 
དེང་འདིར་གཡུ་འབྲུག་ང་རོ་བསྒྲགས་ཤིང་ལྗང་མྱུག་འབུས་མགོ་ཚུགས་དགོས་ཕྱིར།།
ཁོ་བོས་རྐང་རྗེས་བཏུལ་བའི་ཞིང་སར་དུས་རབས་གསར་པའི་ལྗང་མྱུག་འཛུགས།།
 
  • ལེ་ཚན་སྔོན་མ།:མཐོ་སྒང་གི་རླུང
  • ལེ་ཚན་རྗེས་མ།:ཐང་སྟོང་རྒྱལ་པོ།༼མདངས་འཚེར་བའི་སྐར་འོད།༽