འཕྱོང་རྒྱས་བཙན་པོའི་བང་སོ།༼ལོ་རྒྱུས་ཀྱི་མངག་བཅོལ།༽

ཡི་དམ་ཚེ་རིང་ནས་བརྩམས། བཀྲ་ཤིས་ཚེ་རིང་ནས་བསྒྱུར།    ཁ་བའི་ལྗོངས།    2013-08-07

ཡུལ་ཁམས་འདི་རུ་ཆེ་ཆུང་སྙོམས་མིན་བཙན་པོའི་བང་སོ་བཅོ་ལྔ་ཤུལ་དུ་ལུས།།
དམངས་ཀྱི་དྲན་གསལ་རྡོ་རིང་ངོས་སུ་ཁོ་ཚོའི་མཆོག་དམན་མཛད་རྗེས་བརྐོས་རིས་གསལ།།
དབྱར་དགུན་ཆིག་སྟོང་ལྔ་བརྒྱའི་ལོ་རྒྱུས་ནམ་མཁའི་སྐར་མདའ་འཁྱུག་བཞིན་སྐད་ཅིག་མིན།།
དུས་ཡུན་རིང་མོ་ལོ་དང་ཟླ་བར་དཀར་གསལ་གངས་བཞིན་འཚེར་བའི་ལོ་རྒྱུས་བསྐྲུན།།
རླབས་ཆེན་མཛད་རྗེས་བླ་ན་མཐོ་ཡང་མི་ནུབ་རྟག་པའི་འཇིག་རྟེན་བདག་པོ་མིན།།
འདས་པའི་མི་རྣམས་ཕ་རོལ་བགྲོད་དུས་རང་རང་བསྟོད་སྨད་དགའ་སྐྱོ་ཁྱེར་ནས་གཤེགས།།
ཤེས་ལྡན་རྣམས་ཀྱིས་ལོ་རྒྱུས་བཞག་འགན་རང་གི་བསམ་གཞིགས་ཕྲག་པས་འདེགས་པར་བྱ།།
 
  • ལེ་ཚན་སྔོན་མ།:ཡུམ་བུ་བླ་སྒང་།༼ལོ་རྒྱུས་ཀྱི་སྐར་ཁུང་།༽
  • ལེ་ཚན་རྗེས་མ།:མཐོ་སྒང་གི་རླུང