ཡུམ་བུ་བླ་སྒང་།༼ལོ་རྒྱུས་ཀྱི་སྐར་ཁུང་།༽

ཡི་དམ་ཚེ་རིང་ནས་བརྩམས། བཀྲ་ཤིས་ཚེ་རིང་ནས་བསྒྱུར།    ཁ་བའི་ལྗོངས།    2013-08-07

ཕྱི་མཁར་ཞིག་རལ་ཕུང་བོ་འདི་ཡིས་མི་ལོ་ཆིག་སྟོང་སུམ་བརྒྱའི་ཆར་རླུང་བརྒྱུད།།
ལྷག་མར་ལུས་པའི་ལྡེབས་ངོས་འདི་རུ་རླབས་ཆེན་མི་རིགས་ཤིག་གི་དར་རྒུད་གསལ།།
ཨིག་ཕང་ཕོ་བྲང་མེ་ཡིས་བསྲེག་དུས་ཡུམ་བུ་བླ་སྒང་དར་ཚོན་རྒྱན་གྱིས་མཛེས།།
ཧྥ་ལུགས་མཆོད་པའི་རླུང་ནག་འཁྲུགས་དུས་ལོ་རྒྱུས་སྐར་ཁུང་འདི་ཉིད་རྨང་ནས་བཤིག །
 
གནམ་འདེགས་གངས་རི་རྩེ་མོ་ཅན་གྱིས་དེང་རབས་རྨོངས་དད་སྨྱོ་སྤྱོད་འགོག་མ་ནུས།།
 
གང་སར་འགྱེལ་བའི་གྱང་རོ་འདི་ལས་དྭངས་གསལ་ཤེས་རིག་སྔོག་འདོན་ཐུབ་པར་སྨོན།།
དེ་ལས་བྱུང་བའི་ཡ་རབས་མགོ་བོ་སྟོང་ཕྲག་དཔལ་ཡོན་བརྩེགས་པའི་ལ་རྒྱ་ཡིན།།
 

  • ལེ་ཚན་སྔོན་མ།:སྔོན་རབས་པའི་ཞབས་རྗེས།༼བྷོད་ཐང་མཐུན་འབྲེལ་རྡོ་རིང་།༽
  • ལེ་ཚན་རྗེས་མ།:འཕྱོང་རྒྱས་བཙན་པོའི་བང་སོ།༼ལོ་རྒྱུས་ཀྱི་མངག་བཅོལ།༽