ལིག་ཡུན་ཧྲན་གྱིས་ད་ལོའི་དབྱར་ཁའི་ངལ་གསོའི་བྱ་འགུལ་དུ་ཞུགས་པའི་ཆེད་ལས་མཁས་པར་འཚམས་འདྲི་བྱས་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-08-07

ལིག་ཡུན་ཧྲན་གྱིས་ད་ལོའི་དབྱར་ཁའི་ངལ་གསོའི་བྱ་འགུལ་དུ་ཞུགས་པའི་ཆེད་ལས་མཁས་པར་འཚམས་འདྲི་བྱས་པ།
 སྤྱི་ཟླ8པའི་ཚེས5ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་མངག་བཅོལ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་ད་ལོའི་དབྱར་ཁའི་ངལ་གསོའི་བྱ་འགུལ་དུ་ཞུགས་པའི་ཆེད་ལས་མཁས་པ་རྣམས་ལ་འཚམས་འདྲི་བྱས་པར་མ་ཟད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་འཐབ་ཕྱོགས་སོ་སོའི་ཁྱབ་ཁོངས་སོ་སོ་ནས་ཡོང་བའི་ཆེད་ལས་མཁས་པ་དང་ལས་རིགས་སོ་སོའི་ཕུལ་བྱུང་ཤེས་ལྡན་པ་ཡོངས་ལ་སྙིང་ཐག་པ་ནས་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས། 

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་མངག་བཅོལ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་སྤྱི་ཟླ8པའི་ཚེས5ཉིན་པེ་ཏེ་ཧི་ནས་ད་ལོའི་དབྱར་ཁའི་ངལ་གསོའི་བྱ་འགུལ་དུ་ཞུགས་པའི་ཆེད་ལས་མཁས་པ་རྣམས་ལ་འཚམས་འདྲི་བྱས་པར་མ་ཟད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་འཐབ་ཕྱོགས་སོ་སོའི་ཁྱབ་ཁོངས་སོ་སོ་ནས་ཡོང་བའི་ཆེད་ལས་མཁས་པ་དང་ལས་རིགས་སོ་སོའི་ཕུལ་བྱུང་ཤེས་ལྡན་པ་ཡོངས་ལ་སྙིང་ཐག་པ་ནས་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས།

  ཆེད་ལས་མཁས་པ་རྣམས་གདན་དྲངས་ནས་དབྱར་ཁར་ངལ་གསོ་བྱེད་དུ་འཇུག་པ་ནི་ཀྲུང་དབྱང་གིས་རྒྱ་ཆེ་བའི་ཆེད་ལས་མཁས་པ་དང་ལས་རིགས་སོ་སོའི་ཕུལ་བྱུང་ཤེས་ཡོན་པར་འབྲེལ་འདྲིས་བྱེད་པའི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་ཅིག་ཡིན། ཉིས་སྟོང་གཅིག་ལོ་ནས་བཟུང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཆེན་པོའི་བརྗོད་གཞིར་དམིགས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔ་གཞུག་ཏུ་ཐེངས་བཅུ་གསུམ་ལ་ཆེད་ལས་མཁས་པ700ལྷག་གདན་དྲངས་ནས་ངལ་གསོ་བྱེད་དུ་བཅུག ད་ལོའི་དབྱར་ཁའི་ངལ་གསོའི་བྱ་འགུལ་ལ་ཞུགས་པའི་ཆེད་ལས་མཁས་པ་དྲུག་ཅུ་བོ་ཚང་མ་ནི་རང་རྒྱལ་གྱི་ཁྱབ་ཁོངས་མང་པོ་དང་ཚན་རིག་ཞིབ་འཇུག་དང་ཐོན་སྐྱེད་འཐབ་ཕྱོགས་དང་པོ་ནས་ཡོང་བ་ཡིན་ལ། ཁོ་ཚོའི་ཁྲོད་དུ་མི་སྡོད་འཕུར་གྲུ་དང་མི་སྡོད་ཆུར་འཛུལ་གྲུ་གཟིངས། མྱུར་བགྲོད་ལྕགས་ལམ། ཚད་བརྒལ་རྩིས་འཁོར་སོགས་རྒྱལ་ཁབ་ཀྱི་ཚན་རྩལ་ལས་གཞི་གལ་ཆེན་དང་། རྒྱལ་སྲུང་ཚན་རྩལ་གྱི་ལས་གཞི་གལ་ཆེན། རྒྱལ་ཁབ་ཀྱི་གཙོ་གནད་བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་སྤྱི་ཁྱབ་ཇུས་འགོད་པ་དང་སྤྱིའི་འགན་འཁུར་པ་ཡོད་ཟེར།

  ལིག་ཡུན་ཧྲན་གྱིས་བཤད་རྒྱུར། བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ཚུན་དང་ལྷག་པར་དུ་ཉེ་བའི་ལོ་འདི་འགའི་རིང་ལ་རང་རྒྱལ་གྱི་ཚན་རྩལ་ལས་དོན་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་སོང་བ་དང་། ཚན་རྩལ་གསར་སྐྲུན་དང་བཀོལ་སྤྱོད་ནུས་ཤུགས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་སོང་ལ། ཆེས་གལ་ཆེ་བའི་ཁྱབ་ཁོངས་ཁག་ནས་གྲུབ་འབྲས་གལ་ཆེན་བླངས་ཏེ་རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་ཤུགས་ཁྱབ་ཆེ་བའི་སྒོ་ནས་མཐོར་འདེགས་སུ་བཏང་བར་མ་ཟད། མི་རིགས་ཀྱི་རང་སྟོབས་རང་སྤེལ་བསམ་བློར་ཡར་སྐུལ་བཏང་། ཐེངས་འདིའི་ངལ་གསོའི་བྱ་འགུལ་ལ་ཞུགས་པའི་ཆེད་མཁས་པའི་འཐུས་མི་དང་ལས་རིགས་སོ་སོའི་ཤེས་ལྡན་པ་དག་གིས་རང་སོ་སོའི་ལས་རྐང་དུ་འབད་བརྩོན་ལྷོད་མེད་ཀྱིས་འཚོལ་བསྙེགས་དང་གསར་བསྐྲུན་བྱས་ཏེ་ཕུལ་དུ་བྱུང་བའི་གྲུབ་འབྲས་བླངས་ནས། རང་རྒྱལ་གྱི་བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཐད་ལ་བྱས་རྗེས་གལ་ཆེན་བཞག་པར་མ་ཟད། ཏང་དང་མི་དམངས་ཀྱི་ཁས་ལེན་གང་ལེགས་ཐོབ་ཡོད་ལ། སྤྱི་ཚོགས་ཡོངས་ཀྱིས་བསྟོད་བསྔགས་ཆེན་པོ་བྱེད་བཞིན་ཡོད་ཟེར།

  ལིག་ཡུན་ཧྲན་གྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་བཏོན་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཀྲུང་གོའི་ཕུགས་འདུན་བཏོན། ཀྲུང་གོའི་ཕུགས་འདུན་གྱི་གཞི་རྩིའི་ནང་དོན་ནི་རྒྱལ་ཁབ་འབྱོར་ཕྱུག་ལྡན་པ་དང་མི་རིགས་དར་རྒྱས་ཡོང་བ། མི་དམངས་བདེ་སྐྱིད་ཡོང་རྒྱུ་དེ་ཡིན་ལ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དེ་ཀྲུང་ཧྭའི་བུ་བུ་མོའི་ཆེས་མཛེས་སྡུག་ལྡན་པའི་རེ་འདུན་དང་ཀྲུང་གོ་བ་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་གྱི་བསམ་བློའི་ཁ་ཕྱོགས་སུ་གྲུབ་ཡོད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ན་ངེས་པར་དུ་འགྱུར་བ་མེད་པའི་སྒོ་ནས་ཀྲུང་གོའི་བགྲོད་ལམ་དུ་བསྐྱོད་པ་དང་ཀྲུང་གོའི་སྙིང་སྟོབས་དར་རྒྱས་སུ་གཏོང་བ། ཀྲུང་གོའི་སྟོབས་ཤུགས་ཕྱོགས་གཅིག་ཏུ་བསྡུ་དགོས་ལ། ཚན་རིག་ལག་རྩལ་གྱི་གསར་གཏོད་གསར་སྐྲུན་དང་ཤེས་ལྡན་མི་སྣའི་ཐོན་ཁོངས་དང་གཏན་ནས་ཁ་བྲལ་མི་རུང་། རྒྱ་ཆེ་བའི་ཚན་རྩལ་བྱ་བ་སྒྲུབ་མཁན་རྣམས་ཀྱིས་ཕུགས་འདུན་ལ་ཁ་ཕྱོགས་པ་དང་བློ་རྩ་བརྟན་པོས་ངང་ནས་ཚན་རྩལ་གྱི་སྙིང་སྟོབས་ཡོད་ཚད་དཀའ་སྤྱད་འབད་བརྩོན་གྱི་སྒོ་ནས་དར་རྒྱས་གོང་འཕེལ་དུ་བཏང་སྟེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་ལ་སྔར་ལས་འོད་སྟོང་འབར་བའི་ཚན་རིག་ལག་རྩལ་གྱི་གྲུབ་འབྲས་བསྐྲུན་དགོས་པའི་རེ་བ་བཏོན།  །


 

  • ལེ་ཚན་སྔོན་མ།: ས་ཁུལ17གྱི་ཆེས་དམའ་བའི་གླ་ཕོགས་ཚད་གཞི་ཆ་སྙོམས་བརྒྱ་ཆ17.6་འཕར་སྣོན་བྱུང་།
  • ལེ་ཚན་རྗེས་མ།:སེམས་ཀྱི་ཉི་ཟླ་ནི་ཆེས་མཛེས་སྡུག་ལྡན་པའི་དུས་ཚིགས་སུ་བསླེབས་ཡོད་པ།
  • དོ་སྣང་ཆེ་བའི་རྩོམ།