གླིང་དཀར་ཕུ་ནུ་སུམ་ཅུ།

གསེར་ཐར།རང་བྱུང་གིས་བསྡུ་སྒྲིག་བྱས།        2010-11-18

རྒྱལ་བློན་གྱི་མཚན་དང་ཆིབས་རྟའི་མིང་།
འཛམ་གླིང་སེང་ཆེན་རྒྱལ་པོ་ལ་ལྷ་རྟ་རྐྱང་རྒོད་འཕེལ་པོ།
ཞེ་ཐུལ་ཁྲ་གླག་སྤྱང་གསུམ།
གསེར་པའི་ཉི་མ་འབུམ་ཐུབ་ལ་གསེར་མདངས་ཉི་མའི་འཕྲུལ་འཁོར།འོམ་བུའི་ཨ་ནུ་དཔལ་སེང་ལ་མཚར་རྟ་དམར་པོ་རླུང་ཤོག དམུ་སྤྱང་རིན་ཆེན་དར་ལུ་ལ།འདོ་བ་གཡུ་བྱ་ཁྲི་འཕེལ།
ཡང་ཐུལ་དམ་པའི་མི་བདུན།
འབུམ་པའི་རྒྱ་ཚ་ཞལ་དཀར་ལ།འདོ་བ་རྒྱ་བྱ་སོག་དཀར།དཔལ་བོ་སེངས་སྟག་ཨ་དོམ་ལ།འདོ་བ་སྟོང་རི་རག་དཀར་ལ།འདན་མ་གཡུ་རྒྱལ་ཐོག་རྒོད་ལ།འདོ་བ་དངུལ་ཕྲུག་ལྡེམ་པ།སྟག་རོང་དཔོན་པོ་གཟིགས་འཕེན་ལ།འདོ་བ་རླུང་ནག་རྗེས་ཆོད།གདོང་ཆོས་ལུ་བུ་ཡི་དར་འཕེན་ལ།འདོ་བ་སྨུག་གུ་ལྡིང་ཤེས།ཁྲོ་ཐུང་ཉ་ཚ་ཨ་བརྟན་ལ།འདོ་བ་གངས་རི་ལྡིང་ཤེས།
 གླིང་གི་ཕ་ཁུ་མཆེད་བཞི།
སྤྱི་དཔོན་རོང་ཚ་ཁྲ་རྒན་ལ།འདོ་བ་ཤ་རྐྱང་དྲེལ་མགོ།སེང་བློན་ག་ལ་རིག་ཤེས་ལ།འདོ་ཆེན་གངས་དཀར་འགྱིང་ཆེན།མ་བཞི་དཔོན་པོ་ཁྲོ་ཐུང་ལ།འདོ་བ་འཕར་བ་རྔ་ནག ལྷ་བུ་ནམ་མཁའ་སེན་ཞལ་ལ།འདོ་བ་ནོར་བུ་འཆམ་ཤེས།གླིང་གི་གཅེས་ཕྲུག་བཅུ་གསུམ།སྣང་ཆུང་གཡུ་ཡི་མེ་ཏོག་ལ།འདོ་བ་རྨ་བྱ་ཁྲི་ཆེན།རོང་ཚ་གུང་གི་དམར་ལེབ་ལ།འདོ་བ་རྨ་བྱ་ཁྲི་དཀར།མུ་པའི་ཤེལ་དཀར་རྒྱང་གྲགས་ལ།འདོ་བ་གསེར་མདངས་ཡ་མེད།འོམ་བུ་སྤྱང་ཁྲི་རྔམ་ཆེན་ལ།
འདོ་བ་རྨ་བྱ་མཚལ་ལུ།བཅོ་ལྔའི་དཔལ་གསར་ཟླ་བ་ལ།འདོ་བ་དུང་བྱ་གཡུ་རྔོག
  • ལེ་ཚན་སྔོན་མ།:ནང་བློན་འདན་མ་བྱང་ཁྲ།
  • ལེ་ཚན་རྗེས་མ།:ཨ་རྒོད་ལབ་ཆེན།