གངས་ལྗོངས།

ཡི་དམ་ཚེ་རིང་ནས་བརྩམས། བཀྲ་ཤིས་ཚེ་རིང་ནས་བསྒྱུར།    ཁ་བའི་ལྗོངས།    2013-08-06

ཉི་མ་ལྷ་མོས་འཛམ་གྱིས་འཁྱུད་པའི་ངོ་མཚར་གངས་རི་ཕྲེང་བ་ཅན།།
ང་རང་འཇིག་རྟེན་མི་ཡི་དགའ་ཚལ་དྭངས་ཤེལ་ཟླ་བའི་གངས་ལྗོངས་ལགས།།
གནམ་སྔོན་བཞུས་འདྲ་རྒྱ་མཚོ་སྔོན་མོ་གང་གིས་སྣང་ངོར་འཆར་ཐེངས་རེད།།
གངས་དཀར་བདག་མོས་བརྩེ་བས་སྦྱིན་པའི་ལེགས་སྐྱེས་ཡིན་པ་རྟོགས་ཨེ་བྱུང་།།
 
གྲང་རེག་ཆབ་རོམ་ཁ་བའི་ཕུང་ཁམས་སྐྱེ་དངོས་སྲོག་འཛིན་རིན་ཆེན་གཏེར།།
 
ཡིན་ཕྱིར་སྔ་དགོང་ཉིན་མཚན་ཀུན་ཏུ་ཉི་ཟླའི་འཇའ་ཚོན་དར་སྣེ་འཆང་།།
དཀར་འདེགས་གནག་གནོན་ང་ཡི་གྲུ་སྣེ་གད་སྙིགས་རྡུལ་གྱིས་གནོན་དོགས་མེད།།
 
 
  • ལེ་ཚན་སྔོན་མ།:ཕོ་ཉ་གཞོན་ནུ་དོན་གྲུབ་མ།
  • ལེ་ཚན་རྗེས་མ།:རྩེ་ཕོ་བྲང་པོ་ཏ་ལ།༼མདུན་སྐྱོན་པར་བསྐྲུན་པའི་རྡོ་སྟེགས།༽