ས་ཁུལ17གྱི་ཆེས་དམའ་བའི་གླ་ཕོགས་ཚད་གཞི་ཆ་སྙོམས་བརྒྱ་ཆ17.6་འཕར་སྣོན་བྱུང་།

སྐལ་བཟང་ཐུབ་བསྟན་གྱིས་བསྒྱུར།        2013-08-06

ན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ7པའི་ཚེས25ཉིན་འབྱོར་བའི་གཏམ་གསར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུའི་གསར་འགྱུར་མགྲིན་ཚབ་པ་དབྱི་ཁྲེང་ཅེས་ཚེས25ཉིན་འཚོགས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ད་ལོའི་ཟླ་བ6པའི་ཟླ་མཇུག་བར་དུ་བསླེབས་ཚེ། ཁྱོན་བསྡོམས་ས་གནས17གྱིས་ཆེས་དམའ་བའི་གླ་ཕོགས་ཀྱི་ཚད་གཞི་ལེགས་སྒྲིག་བྱེད་ཡོད་པ་དང་། ཆ་སྙོམས་འཕར་ཚད་ནི་བརྒྱ་ཆ17.6ཡིན་པ་རེད།
    དབྱི་ཁྲེང་ཅེས་བཤད་རྒྱུར། མིག་སྔར། རྒྱལ་ཡོངས་སུ་ཟླ་ཕོགས་ཆེས་དམའ་བའི་ཚད་གཞི་ལས་མཐོ་ཤོས་ནི་ཧྲང་ཧའེ་ཡིན་ཞིང1620རེད། ཆུ་ཚོད་རེའི་གླ་ཕོགས་ཆེས་དམའ་བའི་ཚད་གཞི་ལས་མཐོ་ཤོས་ནི་པེ་ཅིན་དང་ཞིན་ཅང་ཡིན་ཞིང་སྒོར15.2རེད། ལོ་སྟོད་ལ་རྒྱལ་ཡོངས་ཀྱི་ས་ཁུལ10ཡིས་གླ་ཕོགས་ཁྲིད་སྟོན་ཐིག་ཚད་གཏན་འབེབས་བྱས་ཤིང་། སྤྱིར་བཏང་གི་རྩ་བའི་ཚད་གཞི་ནི་བརྒྱ་ཆ15ཡིན། དེ་མིན་ལོ་སྟོད་ལ། 2013ལོའི་ཁེ་ལས་ཀྱི་གླ་ཕོགས་ལེགས་སྒྲིག་ཚོད་ལྟའི་ལས་ཀ་ཁྱོན་ཡོངས་ནས་སྤེལ་བ་དང་། རྒྱལ་དབང་ཁེ་ལས་ཀྱི་གླ་ཕོགས་ཕྱི་ནང་གི་ཡོང་སྒོའི་ལྟ་སྐུལ་ཞིབ་བཤེར་ལས་ཀ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།
    དབྱི་ཁྲེང་ཅེས་རྗེས་མར་ངལ་ལས་མངག་གཏོང་གི་གཏན་འབེབས་ཆ་ཤས་མགྱོ གས་པར་འདོན་རྒྱུ་ཡིན་པ་དང་། ཆེས་དམའ་བའི་གླ་ཕོགས་ཚད་གཞིའི་དཔྱད་དཔོག་ནང་སྲོལ་འཛུགས་པར་འཚོལ་ཞིབ་བྱེད་ཅིང་མུ་མཐུད་དེ་གླ་ཕོགས་ལེགས་སྒྲིག་བྱེད་མེད་པའི་ས་ཁུལ་་ལ་བརླིང་ཅིང་གཟབ་པའི་སྒོ་ནས་ཆེས་དམའ་གླ་ཕོགས་ཀྱི་ཚད་གཞི་ལེགས་བཅོས་བྱ་རྒྱུར་ཁྲིད་སྟོན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
  • ལེ་ཚན་སྔོན་མ།:བོད་ལྗོངས་སློབ་ཆེན་ལ་འབུམ་རམས་པའི་སློབ་གནས་དབང་གནང་སྡེ་ཁག་ཏུ་ཆོག་མཆན་ཐོབ།
  • ལེ་ཚན་རྗེས་མ།:ལིག་ཡུན་ཧྲན་གྱིས་ད་ལོའི་དབྱར་ཁའི་ངལ་གསོའི་བྱ་འགུལ་དུ་ཞུགས་པའི་ཆེད་ལས་མཁས་པར་འཚམས་འདྲི་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།