ཉག་ཆུ་རྫོང་གིས་ལྟ་ཞིབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལོ་གསུམ་རིང་གི་གཏོར་བརྒལ་འཛུགས་སྐྲུན་ཨར་ལས་སྐུལ་འདེད་གཏོང་རྒྱུར་ཁག་ཐེག་བྱས།

དབྱངས་ཅན་གྱིས་བསྒྱུར།        2013-08-06

ཉེ་ཆར། ཉག་ཆུ་རྫོང་གི་ལོ་གསུམ་རིང་གི་གཏོར་བརྒལ་ཨར་ལས་ཀྱི་སྤུས་ཚད་ལྟ་ཞིབ་ཚོ་ཆུང་གིས་མགོ་ལོག་ཤང་ནས་དེ་ཚྭ་ཤང་བར་གྱི་གཞུང་ལམ་ཤར་གཏོང་ཐུབ་པའི་ཨར་ལས་ལ་ཆེད་དམིགས་རྣམ་གྲངས་ཀྱི་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།
    མགོ་ལོག་ཤང་ནས་དེ་ཚྭ་ཤང་བར་གཏོང་ཐུབ་པའི་གཞུང་ལམ་ཨར་ལས་ཀྱི་འཆར་གཞིའི་ལས་ཡུན་ཐུང་བ་དང་། མཐུན་སྦྱོར་བྱེད་པའི་དཀའ་ཚད་ཆེ་བ། ཨར་ལས་ཀྱི་འཕེལ་རིམ་དལ་མོ་བཅས་ཡིན་པས། ལས་སྒྲུབ་ཚོ་ཆུང་དང་ཡུལ་དེ་གའི་ཤང་དང་གྲོང་རྡལ་གྱི་ལས་བཟོ་མི་སྣས་དང་པོར་ཨར་ལས་བྱ་ཡུལ་གྱི་གནས་ཚུལ་མཐིལ་རྟོགས་དང་རྟོགས་ཞིབ་ཞིབ་ཕྲ་བྱས་པ་དང་། དེ་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་དང་འབྲེལ་ནས་ཡུལ་དངོས་སུ་ལས་ཀའི་གྲོས་ཚོགས་འཚོགས་པ་རེད། གྲོས་ཚོགས་ཐོག་ཨར་ལས་ལྟ་ཞིབ་དོ་དམ་བྱེད་མཁན་དང་། ཚོད་ལྟ་ཁང་གི་མི་སྣ། ཨར་ལས་བྱེད་མཁན་ཕྱོགས་ཀྱི་འགན་ཁུར་མི་སྣ་བཅས་དང་ཤང་དང་གྲོང་རྡལ་གྱི་འཐུབ་ཚབ་ཀྱིས་ཁག་བགོས་ནས་ཨར་ལས་ཀྱི་སྤུས་ཀ་དང་། འཕེལ་རིམ། ལྟ་ཞིབ་དོ་དམ་སོགས་ཀྱི་ལས་ཀ་སྒྲུབ་རྒྱུ་ཁས་ལེན་བྱས་པ་རེད།
    ལས་སྒྲུབ་ཚོ་ཆུང་གིས་ཨར་ལས་ཡོངས་རྫོགས་སྤུས་ཀ་འགན་ལེན་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག འཕེལ་རིམ་ཇེ་མགྱོ གས་སུ་གཏོང་བ་དང་། ལས་ཡུན་ལྡོག་རྩིས་བརྒྱབ་ནས་ཆར་ཆུ་མ་འབེལ་སྔོན་ལ་འབྲེལ་ཡོད་སྔོན་འགྲོའི་རྨང་གཞི་འཛུགས་སྐྲུན་གྱི་ལས་ཀ་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱ་རྒྱུ་དང་། ཞིབ་བཤེར་བྱེད་རིང་དུ་མཐོང་བའི་གནད་དོན་ལ་ཚད་མཐོན་པོས་མཐོང་ཆེན་བྱེད་དགོས་པར་མ་ཟད་དུས་བཀག་ལྟར་ལེགས་བཅོས་བྱ་རྒྱུ། ཁོར་ཡུག་སྲུང་སྐྱོང་ལ་དོ་སྣང་བྱ་རྒྱུ་དང་། ཨར་ལས་འཛུགས་སྐྲུན་བྱེད་རིང་དུ་རྩ་གཏོར་གཏོང་བའི་སྤང་ལྗོངས་དང་སྔོ་ཁེབས་དེ་ཚོ་ཨར་ལས་གྲུབ་རྗེས་ཉམས་གསོ་བྱ་རྒྱུ། ཉེན་མེད་ཡོང་ཐབས་ལ་ཤུགས་སྣོན་རྒྱག་པ་དང་འགན་འཁྲི་དོན་འཁྱོལ་བྱས་ཏེ་ཉེན་མེད་བདེ་འཇགས་ཐད་ཀྱི་གནས་ཚུལ་མི་བུད་པ་ཁག་ཐེག་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།
  • ལེ་ཚན་སྔོན་མ།:ལི་ཐང་རྫོང་གིས་ཤང་དུ་ཤར་གཏོང་ཐུབ་པའི་ཨར་ལས་ཀྱི་སྔོན་འགྲོའི་ལས་ཀ་སྤེལ་འགོ་ཚུགས།
  • ལེ་ཚན་རྗེས་མ།:དར་མདོ་རྫོང་གིས་ཧུར་བརྩོན་གྱིས་ཞིང་ལས་ཉོ་སྒྲུབ་ཁ་གསབ་སྤྲད།
  • དོ་སྣང་ཆེ་བའི་རྩོམ།