ལི་ཐང་རྫོང་གིས་ཤང་དུ་ཤར་གཏོང་ཐུབ་པའི་ཨར་ལས་ཀྱི་སྔོན་འགྲོའི་ལས་ཀ་སྤེལ་འགོ་ཚུགས།

དབྱངས་ཅན་གྱིས་བསྒྱུར།        2013-08-06

ཉེ་ཆར། ལི་ཐང་རྫོང་སྒར་ཁོག་ཤང་གི་འགྲིམ་འགྲུལ་གཞུང་ལམ་ཤར་གཏོང་ཐུབ་པའི་ཨར་ལས་ཀྱི་སྐུལ་སློང་ཚོགས་ཆེན་དེ་སྒར་བ་ཤང་དུ་འཚོགས་ནས། ཤང་དེས་ཤང་བགྲོད་སྣུམ་སྙིགས་གཞུང་ལམ་དང་གྲོང་བགྲོད་གཞུང་ལམ་གྱི་འཛུགས་སྐྲུན་ལས་ཀ་སྤེལ་འགོ་ཚུགས་པ་རེད།
    དེའི་སྔོན་ལ་ལི་ཐང་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་སྒར་བ་ཤང་གི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ཀྱི་སྔོན་འགྲོའི་ལས་ཀར་སྐུལ་འདེད་གཏོང་གང་ཐུབ་བྱས་ནས། རྒྱུན་མཐུད་དུ་སྒར་བ་ཤང་གི་ཁ་གཉའ་གྲོང་ཚོ་དང་། དགུར་ཆུ་གྲོང་ཚོ། བྱ་བཞི། སྒར་བ་གྲོང་ཚོ། ཞྭ་མོ་དགོན། གུ་རུ་དགོན་སོགས་ཀྱི་ཤང་བགྲོད་ཨར་ལས་ཀྱིས་སུས་འཇོན་དེ་འགུག་དང་གཉེར་འགན་ལེན་པའི་ལས་ཀ་ལེགས་འགྲུབ་བྱུང་ཟིན་པ་རེད།
  • ལེ་ཚན་སྔོན་མ།: ཞིང་ཆེན་རིམ་པའི་གཞུང་ལམ217པའི་ལམ་ཐིག་སེར་ཤུལ་ནས་མ་ཎི་གད་འགོ་བར་གྱི་འཛུགས་སྐྲུན་ཨར་ལས་བདེ་བླག་ངང་སྤེ
  • ལེ་ཚན་རྗེས་མ།: ཉག་ཆུ་རྫོང་གིས་ལྟ་ཞིབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལོ་གསུམ་རིང་གི་གཏོར་བརྒལ་འཛུགས་སྐྲུན་ཨར་ལས་སྐུལ་འ
  • དོ་སྣང་ཆེ་བའི་རྩོམ།