ཞིང་ཆེན་རིམ་པའི་གཞུང་ལམ217པའི་ལམ་ཐིག་སེར་ཤུལ་ནས་མ་ཎི་གད་འགོ་བར་གྱི་འཛུགས་སྐྲུན་ཨར་ལས་བདེ་བླག་ངང་སྤེལ་བཞིན་ཡོད།

དབྱངས་ཅན་གྱིས་བསྒྱུར།        2013-08-06

 ཞིང་ཆེན་རིམ་པའི་གཞུང་ལམ217པའི་ལམ་ཐིག་སེར་ཤུལ་ནས་མ་ཎི་གད་འགོ་བར་གྱི་གཞུང་ལམ་ནི་རང་རེའི་ཞིང་ཆེན་ནས་ཕྱིར་ཐོན་ཏེ་ནུབ་བྱང་ས་ཁུལ་ཆེན་པོའི་ཕྱོགས་སུ་སྐྱོད་པའི་གཞུང་ལམ་གལ་ཆེན་གྱི་ཡ་གྱལ་ཞིག་ཡིན་ལ། རང་ཁུལ་གྱི་གཞུང་ལམ་དྲ་བ་གཙོ་བོའི་ཡ་གྱལ་ཞིག་ཀྱང་ཡིན། རང་ཁུལ་གྱི་ལོ་གསུམ་རིང་གི་འགྲིམ་འགྲུལ་གཏོར་བརྒལ་གྱི་ཨར་ལས་གལ་ཆེན་ཞིག་ཏུ་བརྩིས་ནས། ཨར་ལས་ལས་འགོ་ཚུགས་པ་ནས་བཟུང་ཀྲུང་གོའི་ཆུ་བེད་ཆུ་གློག་ཨར་ལས་ཅུས་བརྒྱད་པའི་འགན་འཁྲི་ཚད་ཡོད་ཀུང་སི་དང་ཧོ་ནན་ཀྲུང་ཀྲུའུ་ལམ་གྱི་ཟམ་པ་འཛུགས་སྐྲུན་གྱི་འགན་འཁྲི་ཚད་ཡོད་ཀུང་སིའི་ཨར་ལས་སྡེ་ཚན་གྱི་འཛུགས་སྐྲུན་མི་སྣས་མཐོ་གྲང་དུ་དབྱང་རླུང་མི་འདང་བ་དང་། དྲོད་ཚད་དམའ་བ། དྲོད་ཚད་ཧེ་བག་ཆེ་བ་སོགས་རང་བྱུང་གི་ཆ་རྐྱེན་ཞན་པའི་དཀའ་ངལ་ཁྱད་བསད་བྱས་ནས་དམིགས་སའི་རང་བཞིན་གྱིས་ལས་ཀ་སྣ་ཚོགས་སྤེལ་བ་སྟེ། གཅིག་ནི་མི་སྣ་དང་འཕྲུལ་འཁོར་གྱི་སྒྲིག་ཆས་སྣོན་པ་དང་། གཉིས་ནི་སྔ་ཚེ་ནས་འཛུགས་སྐྲུན་རྒྱུ་ཆ་གྲབས་གསོག་བྱས་ནས་ས་རྒྱུ་དང་རྒྱུ་ཆས་གྲབས་གསོག་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་རྒྱུ་ཆ་ཉོ་འདྲེན་དང་མཛོད་ནང་འཇུག་པའི་གནད་འགག་དམ་འཛིན་བྱས་ནས། སྔར་ལྷག་གིས་ལམ་བུ་སོ་སོའི་ཨར་ལས་ཐད་དགོས་ངེས་ཀྱི་རྒྱུ་ཆ་ཚད་ལྡན་བྱས། གསུམ་ནི་ལག་རྩལ་སྒྲིག་འཛུགས་བྱ་རྒྱུའི་ཐད་ལམ་གཞིའི་རྨང་གཞིའི་ཨར་ལས་དོ་དམ་དང་ཚོད་འཛིན་ནན་པོ་བྱས་ནས་ལམ་གཞིའི་རྨང་གཞི་རང་ཤུགས་སུ་བཅག་མནན་དང་ཞིབ་བཤེར་ཚད་འཇལ་གྱི་ལས་ཀར་ཤུགས་སྣོན་བརྒྱབ། བཞི་ནི་དོ་དམ་ནན་པོ་བྱས་པ་དང་ཨར་ལས་རྒྱག་ཡུལ་གྱི་ཉེན་མེད་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱུན་ལྡན་གྱི་གཅིག་བསྡུས་དོ་དམ་དང་སྐོར་ཞིབ་ཀྱི་ལས་ཀ་དང་ཟུང་འབྲེལ་བྱས་པ་དང་ཆབས་ཅིག འཇོན་འགུགས་ཐེབས་པའི་གཞུང་ལམ་གཉིས་པ་ཧོ་ནན་ཀྲུང་ཀྲུའུ་ལམ་གྱི་ཟམ་པ་འཛུགས་སྐྲུན་གྱི་འགན་འཁྲི་ཚད་ཡོད་ཀུང་སིས་ད་དུང་འཛུགས་སྐྲུན་ལམ་བུའི་ཕྱོགས་གཉིས་ཀྱི་རྩྭ་ཐང་དང་སྔོ་ཁེབས་ཉམས་གསོ་དང་སྔོ་ལྗོངས་ཅན་དུ་འགྱུར་བའི་ལས་ཀར་ཤུགས་སྣོན་བརྒྱབ་ནས། སྔ་ཚེ་ཁྲེང་ཏུའུ་ནས་སྤུས་ལེགས་མཐོ་སྒང་གི་རྩྭ་འབྲས་ཉོས་ནས་ཚོད་ལྟ་འདེབས་འཛུགས་བྱས། མིག་སྔར་ཞིང་ཆེན་རིམ་པའི་གཞུང་ལམ217པའི་ལམ་ཐིག་སེར་ཤུལ་ནས་མ་ཎི་གད་འགོ་བར་གྱི་འཛུགས་སྐྲུན་ཨར་ལས་བདེ་བླག་ངང་སྤེལ་བཞིན་པ་རེད།
  • ལེ་ཚན་སྔོན་མ།: ལི་ཡུས་ཀོང་རང་ཁུལ་དུ་ཤེས་ཡོན་གྱི་ཐོན་དངོས་བདག་དབང་ལས་ཀར་བརྟག་དཔྱད་ཞིབ་འཇུག་གནང་།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་གིས་ཤང་དུ་ཤར་གཏོང་ཐུབ་པའི་ཨར་ལས་ཀྱི་སྔོན་འགྲོའི་ལས་ཀ་སྤེལ་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།