ལི་ཡུས་ཀོང་རང་ཁུལ་དུ་ཤེས་ཡོན་གྱི་ཐོན་དངོས་བདག་དབང་ལས་ཀར་བརྟག་དཔྱད་ཞིབ་འཇུག་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2013-08-06

ཟླ་བ7པའི་ཚེས30ཉིན།རྒྱལ་ཁབ་ཤེས་ཡོན་གྱི་ཐོན་དངོས་བདག་དབང་ཅུས་ཀྱི་ཅུང་ཀྲང་གཞོན་པ།རྒྱལ་ཡོངས་སྲིད་གྲོས་རྒྱུན་ཨུ་ལི་ཡུས་ཀོང་དང་བཅས་པས་རང་ཁུལ་དུ་ཕེབས་ནས་རང་ཁུལ་གྱི་ཤེས་ཡོན་གྱི་བདག་དབང་ལས་ཀའི་ཐད་ལ་ཆེད་དོན་བརྟག་དཔྱད་ཞིབ་འཇུག་གནང་བར་མ་ཚད།ད་དུང་རང་ཁུལ་གྱི་སྲོལ་རྒྱུན་གྱི་ཤེས་ཡོན་གྱི་ཐོན་དངོས་བདག་དབང་སྲུང་སྐྱོང་ལས་ཀའི་གནས་ཚུལ་སྙན་སེང་ཞུ་བར་གསན་འཇོག་གནང་།ཞིང་ཆེན་ཤེས་ཡོན་གྱི་ཐོན་དངོས་བདག་དབང་ཅུས་ཀྱི་ཅུས་ཀྲང་ཧོང་ཧྥུང་།ཁུལ་ཨུའི་རྒྱུན་ཨུ།ཞིང་ལས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་དབྱང་ཁའེ།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཅང་ཞིའུ་དབྱིན་བཅས་ཀྱིས་ལྷན་ཕེབས་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་གནང་བ་རེད།ཚེས30ཉིན་ལི་ཡུས་ཀོང་དང་བཅས་པས་དར་མདོའི་གདན་ཐོག་འོག་གི་དངོས་མིན་རིག་གནས་ཤུལ་བཞག་བཤམས་སྟོན་ཁང་ལ་ཕེབས་ནས་བོད་རིགས་ཀྱི་རྒྱན་ཆས་དང་ཐང་ག་བྲིས་བཟོ།ཡུལ་དམངས་འཚོ་བ་སོགས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་རྗེས།ཁུལ་བོད་སྨན་ཁང་དང་བོད་སྨན་ཞིབ་འཇུག་ཁང་དུ་ཕེབས་ནས་གཟིགས་ཞིབ་གནང་བ།ཁོང་གིས་ཁུལ་བོད་སྨན་ཁང་དང་བོད་སྨན་ཞིབ་འཇུག་ཁང་གི་འཛུགས་སྐྲུན་ཐད་ལ་གྲུབ་འབྲས་ཐོབ་པར་མཐོང་རྗེས་བོད་སྨན་ཁང་དང་བོད་སྨན་ཞིབ་འཇུག་ཁང་གཞི་ཁྱོན་དང་མི་སྣ།སྒྲིག་ཆས་སོགས་དེ་འདྲ་ཆ་ཚང་དང་སྔོན་ཐོན་ཡིན་པས།དཀར་མཛེས་ཁུལ་ལ་ཟུར་ལུགས་བོད་སྨན་འཕེལ་རྒྱས་གཏོང་རྒྱུར་མི་མངོན་པའི་ནུས་ཤུགས་ཆེན་པོ་ཡོད་འདུག་ཅེས་གསུངས།
    དེའི་རྗེས་དར་མདོ་རྫོང་དུ་བཞུགས་མོལ་ཚོགས་འདུ་འཚོག་སྐབས།དབྱང་ཁའེ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཁུལ་ཡོངས་ཀྱི་ཤེས་ཡོན་གྱི་ཐོན་དངོས་བདག་དབང་ལས་ཀའི་གནས་ཚུལ་སྙན་སེང་ཞུ་བ་རེད།སྙན་ཞུ་གསན་རྗེས།ལི་ཡུས་ཀོང་གིས་སྔོན་རྗེས་སུ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཁུལ་ཡོངས་ཀྱི་ཤེས་ཡོན་གྱི་ཐོན་དངོས་བདག་དབང་ལས་ཀར་མཐོང་ཆེན་དང་རྒྱབ་སྐྱོར་ཆེན་པོ་བྱེད་པ།ཁྱད་པར་དུ་རྒྱ་བོད་སྨན་འཕེལ་རྒྱས་གཏོང་རྒྱུའི་ཐད་ལ་ཁས་ལེན་གང་ལེགས་གནང་བ།ཁོང་གིས་ནན་གསུང་གནང་དོན།དངོས་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་དང་སྲོལ་རྒྱུན་གྱི་རིག་གནས་ཕུན་སུམ་ཚོགས་པོ་དེ་བེད་སྤྱོད་གང་འཚང་བྱས་ནས་རིག་གནས་དང་ལྗོངས་རྒྱུ་ཟུང་འབྲེལ་བྱ་རྒྱུར་དོ་ཁུར་བྱེད་པ།ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་ཤུགས་བརྒྱབ་ནས་སྔར་ལྷག་གིས་ཚན་རིག་ཞིབ་འཇུག་གྲུབ་འབྲས་གསར་སྐྲུན་དང་རྒྱ་ཆེ་རུ་གཏོང་བ།ཤུགས་ཆེན་པོས་ཟུར་ལུགས་བོད་སྨན་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།ཤེས་རྟོགས་བྱུང་བར་གཞིགས་ན།ལི་ཡུས་ཀོང་དང་ཧོང་ཧྥུང་དང་བཅས་པས་དར་མདོའི་ལྷ་སྒང་ཤང་གི་ལྕམ་པ་གྲོང་སྡེའི་འབྲོག་པའི་གཞིས་ཆགས་ས་དང་གཡག་ར་ཤང་།ཨེན་ཝེ་ཀུང་སི།གདན་ཐོག་སོགས་ལ་ས་གནས་དངོས་སུ་བརྟག་དཔྱད་ཞིབ་འཇུག་གནང་བ་རེད།
  • ལེ་ཚན་སྔོན་མ།:ཧུའུ་ཁྲང་ཧྲེང་གིས་ལོ་བརྒྱ་ལོན་པའི་དམར་དམག་རྒན་པ་ཀྲང་ཁྲེང་ཡུས་ལ་འཚམས་འདྲི་ཞུས།
  • ལེ་ཚན་རྗེས་མ།: ཞིང་ཆེན་རིམ་པའི་གཞུང་ལམ217པའི་ལམ་ཐིག་སེར་ཤུལ་ནས་མ་ཎི་གད་འགོ་བར་གྱི་འཛུགས་སྐྲུན་ཨར་ལས་བདེ་བླག་ངང་སྤེ
  • དོ་སྣང་ཆེ་བའི་རྩོམ།