ཧུའུ་ཁྲང་ཧྲེང་གིས་ལོ་བརྒྱ་ལོན་པའི་དམར་དམག་རྒན་པ་ཀྲང་ཁྲེང་ཡུས་ལ་འཚམས་འདྲི་ཞུས།

སྒྲོལ་མ་མཚོས་བསྒྱུར།        2013-08-06

ཟླ་བ7པའི་ཚེས30ཉིན་ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ཞིབ་ཚགས་ཀྱིས་གདམ་གསེས་བྱས་པའི་འཚམས་འདྲི་དངོས་རྫས་བསྣམས་ནས་དམར་དམག་རྒན་པ།རང་ཁུལ་གྱི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་པ།ལོ་བརྒྱ་ལོན་པའི་བགྲེས་སོང་ཀྲང་ཁྲེང་ཡུས་ལ་འཚམས་འདྲི་ཞུས་ནས་བགྲེས་སོང་ལ་ཚེ་རིང་པོར་ཡོང་བའི་རྟེན་འབྲེལ་ཞུས་པ་མ་ཟད།ཏང་དང་སྲིད་གཞུང་དང་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་བུ་དང་བུ་མོ་ཁྲི110ཡི་བྱམས་བརྩེའི་སྨོན་འདུན་བསྐྱལ་བ་རེད།
    ཧུའུ་ཁྲང་ཧྲེང་གིས་བྱམས་བརྩེ་ལྡན་པའི་ངང་ནས་ཀྲང་ཁྲེང་ཡུས་ཀྱི་ལག་པར་འཇུས་ནས་རྒན་རབས་པ་ལགས་ང་ཁྱེད་ལ་ལྟ་སར་ཡོང་ནས་ཁྱེད་ཀྱི་སྐྱེ་སྐར་སྐྱིད་པོ་ཡོང་བ་དང་ལུས་ཁམས་བདེ་ཐང་ཡོང་བའི་སྨོན་འདུན་ཞུ།ཁྱེད་ལོ་ཉིས་བརྒྱ་ཐོབ་པའི་རེ་བ་ཡོད་ཅེས་གསུངས།བགྲེས་སོང་ཀྲང་ཁྲེང་ཡུས་ཀྱིས་ཧ་ཅང་དགའ་སྤྲོ་འཁོལ་བའི་ངང་ནས་སྐད་སྒྲ་ཆེན་པོས་བཤད་དོན།ཧྲུའུ་ཅི་ཧུའུ་ལགས་ཀྱིས་ཕྱག་ལས་བྲེལ་བ་ཆེ་ཡང་ང་ལ་ཐུགས་ཁུར་གནང་ནས་ཆེད་དུ་ང་ལྟ་སར་ཡོང་བར་བཀའ་དྲིན་ཆེ་ཞུས། ཧུའུ་ཁྲང་ཧྲེང་གིས་ཐུགས་དགྱེས་པའི་ངང་ནས་རྒན་རབས་པ་ཚོས་ཁྲག་དོན་འཐབ་འཛིང་བྱས་མེད་ན།ང་ཚོའི་དེང་སང་གི་བདེ་སྐྱིད་འཚོ་བ་ཡོད་སྲིད་རྒྱུ་མ་རེད།ཁྱེད་ནི་རང་རེའི་ཏང་གི་རྒྱུ་ནོར་རྩ་ཆེན་རེད།ང་ཚོས་ནམ་ཡང་ཁྱེད་ཚོའི་བྱས་རྗེས་སེམས་ནང་འཇོག་རྒྱུ་ཡིན་ཞེས་གསུངས་སོ།
  • ལེ་ཚན་སྔོན་མ།:མ་ཎི་གད་འགོ་ནས་དཀར་མཛེས་བར་གྱི་གློག་སྐྱེལ་གློག་སྒྱུར་རྣམ་གྲངས་ལས་གྲྭར་མཆན་འགོད་བཀའ་ལན་ཐོབ།
  • ལེ་ཚན་རྗེས་མ།: ལི་ཡུས་ཀོང་རང་ཁུལ་དུ་ཤེས་ཡོན་གྱི་ཐོན་དངོས་བདག་དབང་ལས་ཀར་བརྟག་དཔྱད་ཞིབ་འཇུག་གནང་།
  • དོ་སྣང་ཆེ་བའི་རྩོམ།