སློབ་གསོ་པུའུ་ཡིས2013ལོའི་རྒྱལ་ཡོངས་དར་མའི་སློབ་ཆེན་གྱིས་སློབ་མ་བསྡུ་བར་སྔར་ལྷག་གིས་གོ་རིམ་ཡོད་པའི་སྒོ་ནས་སྲུང་སྐྱོང་བྱས།

        2013-08-05

  ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ7པའི་ཚེས29ཉིན་འབྱོར་བའི་གཏམ་གསར། གསར་འགོད་པས་གོང་ཚེས་ཉིན་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་རྒྱུར། སློབ་གསོ་པུའུ་ཡིས་ཉིན་སྔར《སློབ་གསོ་པུའུ་ཡིས2013ལོའི་རྒྱལ་ཡོངས་དར་མའི་སློབ་ཆེན་གྱིས་སློབ་མ་བསྡུ་བར་འབྲེལ་ཡོད་ཀྱི་ལས་ཀ་ལེགས་པོ་བསྒྲུབ་དགོས་པའི་བརྡ་ཐོ》བསྒྲགས། བརྡ་ཐོ་རུ་རེ་བ་བཏོན་རྒྱུར། སྔར་ལྷག་གིས་ནང་ཁུལ་གྱི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། སློབ་གྲྭ་འཛུགས་པའི་སྤྱོད་པ་ཚད་ལྡན་དུ་བཏང་སྟེ2013ལོའི་རྒྱལ་ཡོངས་དར་མའི་སློབ་གྲྭས་སློབ་མ་བསྡུ་བའི་ལས་ཀ་བརྟན་བརླིང་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་དགོས།
    བརྡ་ཐོ་ལ་གཞིགས་ན། གཙོ་བོ་འགན་ཁུར་མི་སྣས་ཉེན་མེད་གསང་བ་བྱེད་རྒྱུ་དེ་ལས་འགན་ཨང་དང་པོར་འཇོག་དགོས། ཁྱོན་ཡོངས་ནས་ཉེ་བའི་ལོ་ཤས་རིང་ལ་གནས་པའི་ཤུགས་ཞན་ས་དང་སྐྱོན་ཆ་ཡོད་སར་རྩད་བཤེར་བྱེད་དགོས། གནད་དོན་ཡོད་ན་དུས་ཐོག་ཏུ་དག་ཐེར་བྱས་ཏེ་བརྗོད་གཞི་དང་རྒྱུག་ཤོག་སྒྲིག་པ། སྐྱེལ་འདྲེན། དོ་དམ། རྒྱུག་སྤྲད་པ། རྒྱུག་ཤོག་ལ་ཞིབ་དཔྱད་བྱེད་པ། སློབ་མ་སྡུད་བ་སོགས་བརྒྱུད་རིམ་ཡོངས་ཉེན་མེད་གསང་བ་བྱེད་དགོས།
    བརྡ་ཐོ་རུ་དར་མའི་སློབ་གྲྭ་ཁག་གིས་ཚན་རིག་ལ་བརྟེན་ནས་ཆེས་དམའ་བའི་སློབ་མ་བསྡུ་བའི་སྐར་གྲངས་དབྱེ་མཚམས་བཅད་དེ་ཚོད་འཛིན་བྱེད་དགོས་ཤིང་། འཆར་གཞི་གྲུབ་པའམ་ཡང་ན་འཆར་གཞི་འཕར་སྣོན་བྱས་ཏེ་སློབ་མ་བསྡུ་བའི་སྐར་གྲངས་དམའ་དྲགས་པ་བཅས་བྱེད་མི་ཆོག སློབ་གྲྭའི་སྐྱིད་སྡུག་འགོད་པའི་དོ་དམ་ནན་པོ་བྱེད་དགོས་ལ་མིང་རྫུ་མ་བྱས་ཏེ་ཚབ་བྱེད་སློབ་གྲྭ་འགྲོ་བ་བཅས་ལ་སྔོན་འགོག་བྱེད་དགོས་པའི་རེ་བ་བཏོན་ཡོད་པ་རེད།
    
 
 
  • ལེ་ཚན་སྔོན་མ།:ད་ལོའི་ལོ་སྟོད་དུ་བཙན་ལྷ་རྫོང་གི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་འབབ་བརྟན་བརླིང་ངང་གོང་དུ་འ
  • ལེ་ཚན་རྗེས་མ།:ཝང་ཡང་གིས་ཧུའུ་ནན་ཞིང་ཆེན་དུ་ཐན་སེལ་རྒུད་སྐྱོབ་བྱ་བར་མཛུབ་སྟོན་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10