མ་ཎི་གད་འགོ་ནས་དཀར་མཛེས་བར་གྱི་གློག་སྐྱེལ་གློག་སྒྱུར་རྣམ་གྲངས་ལས་གྲྭར་མཆན་འགོད་བཀའ་ལན་ཐོབ།

ཀུན་དགས་བསྒྱུར།        2013-08-05

ཉེ་ཆར། ཁུལ་བཅོས་བསྒྱུར་ཨུ་ལྷན་གྱིས་སྡེ་དགེ་རྫོང་མ་ཎི་གད་འགོ་ནས་དཀར་མཛེས་བར་གྱི་སྟོང་ཧྥུ220ཅན་གྱི་གློག་སྒྱུར་ས་ཚིགས་སྟོང་ཧྥུ110གློག་སྐྱེལ་གློག་སྒྱུར་ལས་གྲྭ་འཛུགས་རྒྱུར་ཆོག་མཆན་བཀའ་ལན་གནང་བ་རེད། རྣམ་གྲངས་འདི་ནི་རང་ཁུལ་གྱིས“བདེ་སྡོད་ལས་གྲྭའི”བྱེད་སྒོ་སྤེལ་བའི་ཁྲོད་ནང་དོན་གལ་ཆེ་ཞིག་ཡིན། རྣམ་གྲངས་ལ་ཞིབ་བཤེར་ཆོག་མཆན་ཐོབ་པ་ནི་ཁུལ་ཡོངས་ཀྱི་གློག་དྲའི་གནོད་འགོག་ནུས་པ་ཇེ་མཐོར་གཏང་རྒྱུ་དང་རྫོང་ཁོངས་ལ་གཏན་འཇགས་རང་བཞིན་གྱི་གློག་ནུས་མཁོ་འདོན་འགན་ལེན་བྱ་རྒྱུ། རྒྱུན་མཐུད་འཕར་སྣོན་ཡོང་བའི་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་རྒྱུ། “རི་གྲོང་གསལ་བའི”ལས་གྲྭ་ཇེ་མགྱོ གས་སུ་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན་པ་རེད། སྡེ་དགེ་རྫོང་མ་ཎི་གད་འགོ་ནས་དཀར་མཛེས་བར་གྱི་སྟོང་ཧྥུ220ཅན་གྱི་གློག་སྒྱུར་ས་ཚིགས་སྟོང་ཧྥུ110གློག་སྐྱེལ་གློག་སྒྱུར་རྣམ་གྲངས་ལས་གྲྭ་ནི་རྒྱལ་ཁབ་བཅོས་བསྒྱུར་ཨུ་ལྷན་གྱི་རིགས་དང་པོའི་སྐུལ་འདེད་རིགས་ནང་གི་གློག་ཤུགས་དང་ཆུ་བེད་མངའ་ཁོངས་ཀྱི་ཁོངས་སུ་གཏོགས་པས་རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་དང་ཞིང་ཆེན་གློག་ནུས་འཕེལ་རྒྱས་ཀྱི་འཆར་འགོད་དང་མཐུན་པ་རེད། རྣམ་གྲངས་ཀྱི་ནང་དོན་གཙོ་བོ་ནི་མ་ཎི་གད་འགོའི་སྟོང་ཧྥུ110ཅན་གྱི་གློག་སྒྱུར་ས་ཚིགས་གསར་འཛུགས་བྱ་རྒྱུ་དང་སྟོང་ཧྥུ110ཅན་གྱི་གློག་སྒྱུར་ས་ཚིགས་ཀྱི་ཤོང་ཚད་ཀྲའོ་ཧྥུ་ཨན1×40 གསར་སྣོན་བྱ་རྒྱུ། མ་ཎི་གད་འགོའི་སྟོང་ཧྥུ110ཅན་གྱི་གློག་སྒྱུར་ས་ཚིགས་ནས་དཀར་མཛེས་ཀྱི་སྟོང་ཧྥུ220ཅན་གྱི་གློག་སྒྱུར་ས་ཚིགས་སྟོང་ཧྥུ110གློག་སྐུད་གཅིག་ཀྱང་སྤྱི་ལེ95གསར་འཛུགས་བྱ་རྒྱུ་ཡིན་པ་རེད།
  • ལེ་ཚན་སྔོན་མ།:ཁྲོན་བོད་ཀྱི་གློག་དྲ་མཉམ་འབྲེལ་གྱི་ཨར་ལས་ཟླ་བ8པར་ལས་འགོ་འཛུགས།
  • ལེ་ཚན་རྗེས་མ།:ཧུའུ་ཁྲང་ཧྲེང་གིས་ལོ་བརྒྱ་ལོན་པའི་དམར་དམག་རྒན་པ་ཀྲང་ཁྲེང་ཡུས་ལ་འཚམས་འདྲི་ཞུས།
  • དོ་སྣང་ཆེ་བའི་རྩོམ།