མདུན་ཤོག > བླ་སྤྲུལ་གྲགས་ཅན།
 
དགེ་རྟག་སྤྲུལ་སྐུ།

2011-08-26   

 

 

དགེ་རྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པའི་རབ་བྱུང་གི་མཚན་ལ་བློ་བཟང་བསྟན་འཛིན་གྲགས་པ་ཟེར། སྤྱི་ལོ༡༩༠༣ལོརདཀར་མཛེས་རྫོང་བེ་རི་ས་ས་ཁུལ་གྱི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས། དགོངས་ལོ་༡༩སོན་དུས་དབུས་མཆོག་ལྷ་སའི་གླིང་དུ་གྲྭ་སར་འགྲིམ། དགོངས་ལོ་ཉེར་ལྔ་ལ་ཐོན་སྐབས་དགེ་བཤེས་ཀྱི་གོ་མིང་ཐོབ། བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་ལོ་རྒྱུས། རྩོམ་རིག   སྐར་རྩིས།   གསོ་བ་རིག་པ་བཅས་བྱང་ཆུབ་ཞིང་མཁས་པའི་ཕ་རོལ་དུ་སོན། ༡༩༥༠ལོར་ཞི་ཁམས་བཅིངས་འགྲོལ་བཏང་ནས་དགེ་རྟག་སྤྲལ་སྐུ་ལྷོ་ནུབ་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བསྐོ་བཞག་གནང་བ་དང་ཞི་ཁམས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པའི་འགན་གཅིག་ལྕོགས་སུ་བཞེས། དེ་དུས་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཆེད་དུ་དགེ་རྟག་སྤྲུལ་སྐུ་པེ་ཅིན་དུ་རྒྱལ་ཡོངས་སྲིད་གྲོང་ནང་གདན་པ་དང་ཆབས་ཅིག   རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་དང་པོའི་ཨུ་ཡོན་བདམས། སྤྱི་ལོ་༡༩༥༠ལོའི་ཟླ་བ་༨པ་སྟེ་རང་ལོ་༤༧གྱི་སྟེང་དུ་ཆབ་མདོར་ནས་སྐུ་གཤེགས། །

 
 
 
 
རྩོམ་གསར། 10
དོ་སྣང་ཆེ་བའི་རྩོམ། 10