ཀྲུང་དབྱང་མི་དམངས་རྒྱང་བསྒྲགས་བརྙན་འཕྲིན་ས་ཚིགས་ཀྱིས་བརྩེ་དུང་སེར་ཤུལ་ལ་བཅངས།

ལྷ་འཛོམས་ཀྱིས་བསྒྱུར།        2013-08-05

  ཟླ་བ7པའི་ཚེས22ཉིན་ནས་ཚེས23ཉིན་བར།ཀྲུང་དབྱང་མི་དམངས་རྒྱང་བསྒྲགས་བརྙན་འཕྲིན་ས་ཚིགས་ཀྱི་འགོ་དཔོན་ཝང་ཆུབ་དབྱིས་དང་བཅས་པ་སེར་ཤུལ་རྫོངདུ་ཕེབས་ནས་ལས་ཀར་ཞིབ་བཤེར་ཁྲིད་སྟོན་གནང་བ་རེད།ལས་སྒྲུབ་ཚོ་ཆུང་དང་བཅས་པས་སེར་ཤུལ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་ལས་ཀའི་སྙན་ཞུར་གསན་འཇོག་གནང་།སེར་ཤུལ་རྫོང་གི་ཉེ་བའི་དབུལ་སྐྱོར་ལས་ཀ་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་གནས་ཚུལ་ལ་ཆ་རྒྱུས་ཟབ་མོ་བླངས་ཤིང་སེར་ཤུལ་རྫོང་གི་རྒྱང་བསྒྲགས་བརྙན་འཕྲིན་ལས་ཀ་འཁོར་སྐྱོད་བྱེད་ཚུལ་ལ་གཟིགས་ཞིབ་གནང་བ་རེད།
    ཝང་ཆུབ་དབྱིས་སེར་ཤུལ་རྫོང་གི་ཉེ་ལོའི་དབུལ་སྐྱོར་ལས་ཀར་ཁས་ལེན་གང་ལེགས་གནང་བར་མ་ཚད།ད་དུང་ཕྱིན་ཆད་སེར་ཤུལ་རྫོང་གི་དབུལ་སྐྱོར་ལས་ཀར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་རྒྱུ་ཡིན་ཞེས་གསུངས་པ་རེད།
    སེར་ཤུལ་རྫོང་གི་རྒྱང་བསྒྲགས་བརྙན་འཕྲིན་གྱི་བསྒྱུར་བཅོས་རྣམ་གྲངས་འཛུགས་སྐྲུན་མགྱོགས་སུ་གཏོང་ཆེད།ཀྲུང་དབྱང་མི་དམངས་རྒྱང་བསྒྲགས་བརྙན་འཕྲིན་ས་ཚིགས་ཀྱིས་རྣམ་གྲངས་སྤེལ་རྒྱུའི་མ་དངུལ་སྒོར་ཁྲི50སྦྱིན་པ་རེད། སེར་ཤུལ་དུ་འཚམས་འདྲི་གནང་བའི་སྐབས་སུ་ཝང་ཆུབ་དབྱི་དང་བཅས་པས་དབུལ་ཕོངས་ལས་བཟོ་དང་དབུལ་ཕོངས་ཞིང་འབྲོག་མང་ཚོགས་ལ་འཚམས་འདྲི་གནང་བར་མ་ཚད།ད་དུང་ཀྲུང་དབྱང་མི་དམངས་རྒྱང་བསྒྲགས་བརྙན་འཕྲིན་ས་ཚིགས་ཀྱི་ལས་བཟོ་ཡོངས་ཀྱི་ཞལ་འདེབས་བརྒྱབ་པའི་གཅེས་སེམས་རོགས་དངུལ་སྦྱིན་པ་རེད།
  • ལེ་ཚན་སྔོན་མ།: གཡག་རྔ་ནས་དར་མདོའི་བར་གྱི་མགྱོགས་ལམ་དེ་ད་ལོར་ལས་འགོ་ཚུགས་རྒྱུ།
  • ལེ་ཚན་རྗེས་མ།: ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རྩོམ་མཁན་ཐེངས་དང་པོར་ཨུ་རུ་སུ་ལ་འཚམས་འདྲི་བྱས།
  • དོ་སྣང་ཆེ་བའི་རྩོམ།