གངས་རྗེ་ཁྲི་རྗེ།

        2010-11-18

ཤར་མི་ཉག་རྒྱལ་པོའི་སྒོ་སྲུང་ཏེ།གངས་རྗེ་ཁྲི་བཙན་ཡང་ཟེར།གླིང་གི་དྭངས་སྨན་མཆེད་བདུན་མི་ཉག་ཡུལ་དུ་གླིང་རྗེ་གེ་སར་རྒྱལ་པོ་རྒྱ་ལ་ཕེབས་པར་མཁོ་བའི་རྫས་སྣ་སོགས་འཚོལ་བར་ཕྱིན་ཞིང་།སྨྱུག་གི་སྦར་མོ་ཚིགས་གསུམ་དེ་མེ་བཟས་རྙེད་ཀྱང་མི་སྨན་བདུན་པོ་གངས་རི་རྔམས་ཆེན་དུ་སླེབས་སྐབས་གངས་རྗེ་ཁྲི་རྗེས་མཐོང་སྟེ་མི་ཉག་རྒྱལ་པོ་གཡུ་རྩེ་སྟོན་པ་ལ་ཞུས་རྗེས།མི་ཉག་རྒྱལ་པོ་ཐུགས་ཁྲོས་ནས་ངའི་ཕ་ཤེད་ཆེན་རྒྱལ་པོ་དེ་གླིང་གི་བསད་པའི་ཤ་ལན་ཡོད་ཟེར་ནས་གླིང་གི་བུ་མོ་སྤུན་བདུན་བཟུང་བས་གླིང་དང་མི་ཉག་གི་བར་ལ་གཡུལ་འཁྲུག་འཕྱུར།གླིང་རྗེ་གེ་སར་རྒྱལ་པོས་གངས་རྗེ་ཁྲི་རྗེ་མཁར་རྩེ་ནས་ས་ལ་གཡུགས་ཏེ་ལུས་པོ་དུམ་བུ་སྟོང་དུ་བཏང་ནས་བསད་དོ།།
  • ལེ་ཚན་སྔོན་མ།:མི་ཆེན་རྒྱལ་བའི་ལྷུན་འགྲུབ།
  • ལེ་ཚན་རྗེས་མ།:ཁ་ཆེ་སྟོབས་ལྡན།