མི་ཆེན་རྒྱལ་བའི་ལྷུན་འགྲུབ།

        2010-11-18

གླིང་སྟོད་ཚོ་དཔོན་དྲུག་གི་ཡ་གྱལ་ཏེ།གླིང་ཆེ་རྒྱུད་ཀྱི་གདུང་རྒྱུད་ཡིན་པར་གྲགས།ཧོར་གུར་དཀར་རྒྱལ་པོས་གླིང་ལ་བཙན་དམག་གི་དཔུང་བ་ངོམ་པ་ན་ཁོང་གིས་གླིང་སྟོད་སྡེའི་དམག་སྣེ་ཁྲིད་དེ་ཇ་མཁར་རིང་མོའི་བཙན་རྫོང་བསྲུང་ཞིང་ཧོར་དམག་ཕར་འདུལ་པའི་གཡུལ་འགྱེད་ཀྱི་ནང་དུ་ཞུགས།ཧོར་དམག་གིས་ཇ་མཁར་རིང་མོ་བཅོམ་ཞིང་འབྲུག་མོ་གཏའ་མར་བླངས་ནས་ཧོར་དམག་ཧོར་དམག་གི་དཔུང་རྣམས་ཕྱིར་ལོག་སྐབས།ཁོང་དང་ཉ་ཚ་ཨ་བརྟན་སོགས་དམག་དཔོན་བཞིས་ཧོར་དམག་དེད་པའི་ལམ་དུ་ཧོར་གྱི་དམག་དཔོན་སྟོང་ཁོང་འབྲུག་སྒྲ་དང་།མཆོང་ལྷ་སོགས་དང་དཔལ་བོ་གདོང་གཏུགས་དུས་རལ་གྲི་ངར་མ་ལ་དྲངས་ཏེ་སྐུ་བཀྲོངས་སོ།
  • ལེ་ཚན་སྔོན་མ།:བཅོ་ལྔའི་དཔའ་གསལ་ཟླ་བ།
  • ལེ་ཚན་རྗེས་མ།:གངས་རྗེ་ཁྲི་རྗེ།