དཀར་མ་བྱུག་རྫས་ཀྱི་ཉེན་ཁའི་བསླུ་བྲིད།

        2010-04-28

དཀར་དམར་བྱུག་རྫས་ཀྱིས་འགོག་ཐབས་མེད་པར་ཡིད་དབང་འཕྲོག་གི་ཡོད་པ་རེད།ཡིན་ནའང་དེ་ནི་ཉེན་ཁ་ཅན་གྱི་བསླུ་བྲིད་ཅིག་རེད།དཀར་དམར་བྱུག་རྫས་ལས་རིགས་ཧ་ཅང་དར་ཤུགས་ཆེ་བའི་རི་པིན་རྒྱབ་ཁབ་ཀྱི་འཕྲོད་བསྟེན་རྩ་འཛུགས་ཀྱིས་བརྟག་དཔྱད་བྱས་པའི་འབྲས་བུའི་ཐོག་ནས་མཛེས་བཟོའི་བྱུག་རྫས་མང་ཆེ་བར་མང་ཉུང་ལ་མ་བལྟོས་པར་གནོད་པའི་དངོས་པོ་ཡོད་པ་དང་རྒྱུན་དུ་དཀར་དམར་བྱུག་བྱེད་རྫས་བེད་སྤྱོད་མཁན་བུད་མེད་26ནང་གི་གཅིག་ནི་དཀར་དམར་བྱུག་རྫས་ཀྱི་གནོད་འཚེ་ཕོག་པ་ཞིག་ཡིན་པ་དང་འཛམ་གླིང་ཡོངས་སུ་དཀར་དམར་བྱུག་རྫས་ཀྱི་གནོད་འཚེ་འཕོག་མཁན་ཁྲི་ཚོ་བརྒྱ་ཕྲག་ཡོད་པ་མཚོན་པ་རེད།མིག་སྔར་དཀར་དམར་བྱུག་རྫས་ཀྱི་འཛམ་གླིང་གི་རླབས་རྒྱུན་ནི་རང་བྱུང་ཐོན་ཁུངས་ལེགས་པར་སྤྱོད་པ་དང་རང་བཞིན་དུ་བྱུང་བའི་སྨན་རྒྱུས་ཞོར་སྣོན་སྨན་རྒྱུ་བྱེད་པ་དེ་ཡིན་ཞིང་རང་རྒྱལ་གྱིས་མིག་སྔར་རང་བཞིན་དུ་བྱུང་བའི་དཀར་དམར་བྱུག་རྫས་དེ་རིགས་མང་པོ་ཞིབ་འཇུག་བྱས་ནས་བཟོས་ཡོད་པས་དཀར་དམར་བྱུག་རྫས་དེ་རིགས་དུང་ཚང་ཁྲི་སྟོང་དུ་མས་སྤྱད་དེ་མཛེས་པོ་ཡོང་རྒྱུར་དགའ་པོ་བྱེད་མཁན་ཚང་མ་མཛེས་པོ་ཡོང་བའི་རེ་བ་བྱེད་ཀྱི་ཡོད།
  • ལེ་ཚན་སྔོན་མ།:བཟས་ཟ་དྲགས་ན་ཀླད་ཆེན་ལ་གནོད་འཚེ་ཆེན་པོ་ཡོད་པ།
  • ལེ་ཚན་རྗེས་མ།:ཕྲུ་གུ་དམར་འབྱར་གྱི་གློ་ཚད་འགོག་ཐབས།
  • དོ་སྣང་ཆེ་བའི་རྩོམ།