བཅོ་ལྔའི་དཔའ་གསལ་ཟླ་བ།

        2010-11-18

གླིང་ཆུང་རྒྱུད་ཀྱི་གདུང་རྒྱུད་ལས་སྐུ་འཁྲུངས།གླིང་ཕུ་ནུ་སུམ་ཅུ་དང་གཅེས་ཕྲུག་བཅུ་གསུམ་གྱི་ཡ་གྱལ།ཧོར་གུར་དཀར་རྒྱལ་པོས་གླིང་ལ་དྲག་པོས་དཔུང་འཇུག་བྱས་དུས།ཁོང་དགུང་ལོ་བཅོ་ལྔ་ལས་མིན་ན་ཡང་དཔའ་མཛངས་རྟུལ་ཕོད་ཀྱིས་ཧོར་དམག་འགོག་རྒོལ་གྱི་འཇིགས་རུང་གཡུལ་འཁྲུག་གི་ནང་དུ་ཞུགས།རྒྱ་ཚ་ཞལ་དཀར་སྐུ་གཤེགས་རྗེས་འདན་མ་དང་ཉི་འབུམ་དར་ཡག དར་འཕེན།ཆོས་སྐྱོང་བེར་ནག་སེང་སྟག་ཨ་དོམ།བཅོ་ལྔ་དཔལ་གསལ་ཟླ་བ་སྟེ་དཔའ་ཐུལ་དྲུག་པོས་ཤ་ལན་གློན་པའི་ཆེད་དུ་ཧོར་གྱི་དམག་ཐོག་ཏུ་གདོང་མཆོངས་བྱས་ཀྱང་།ཧོར་དམག་མང་ཆེ་བས་མ་དོ་ཡང་ཁོང་རྣམས་ཀྱིས་ཧོར་གྱི་དམག་རྟ་ཁ་ཤས་ཕྲོགས་ནས་ཚུར་གླིང་ལ་ལོག་པ་རེད།ཕྱིས་སུ་དཔལ་གསལ་ཟླ་བས་གླིང་རྗེ་གེ་སར་རྒྱལ་པོའི་སྐུ་འཁོར་མཛད་ནས་རང་ཕྱོགས་ཀྱི་ཆོས་སྡེ་སྤེལ་བ་དང་ནག་ཕྱོགས་ཀྱི་བདུད་སྡེ་འཇོམས་པའི་དྲག་པོ་གཡུལ་འགྱེད་གྱི་མེ་དཔུང་ནང་དུ་མཛད་རྗེས་གནམ་སར་མི་ཤོང་བ་བཞག་མྱོང་བས་གླིང་ན་སྙན་གྲགས་ཆེ་ཞིང་དཔའ་ངར་ལྡན་པའི་དམག་དཔོན་ཞིག་ཏུ་གྱུར་རོ།
  • ལེ་ཚན་སྔོན་མ།:མགར་བཟའ་ཆོས་སྒྲོན།
  • ལེ་ཚན་རྗེས་མ།:མི་ཆེན་རྒྱལ་བའི་ལྷུན་འགྲུབ།