མགར་བཟའ་ཆོས་སྒྲོན།

        2010-11-18

ཆེན་པོ་ཧོར་གྱི་མགར་བའི་ཆོས་དར་རྒྱལ་པོའི་སྲས་མོ་ཡིན་པས།མཚན་ལ་མགར་བཟའ་རུ་འབོད།མོ་ནི་སྤྱང་གྲུང་ལྡན་ཞིང་རྩིས་ལ་མཁས་པ་ཞིག་ཡིན་པས།ཧོར་གུར་དཀར་རྒྱལ་པོས་གླིང་ལ་བཙན་ཤེད་ཀྱིས་དཔུང་འཇུག་བྱས་པ་ན་མོས་རྩིས་བརྒྱབ་ནས་གླིང་ལ་བཙན་ཤེད་ཀྱིས་དཔུང་འཇུག་བྱེད་མི་རུང་བར་ཞུས་ཀྱང་དོན་མ་གྲུབ།
ཧོར་གླིང་དམག་འཁྲུག་བསླངས་རྗེས་སེང་ལྕམ་སྒ་བཟའ་འབྲུག་མོ་ལ་རོགས་རམ་ཐེངས་མང་པོར་བརྒྱབ་མྱོང་།གླིང་རྗེ་གེ་སར་རྒྱལ་པོ་དཔའ་བོ་ཁེར་བརྒྱུགས་བྱས་ནས་ཧོར་རྒྱལ་འདུལ་བར་ཕེབས་སྐབས།མིང་ལ་བསམ་འཕེལ་དོན་འགྲུབ་ཞེས་པའི་བུ་ཕྲུག་འཁྱར་པོ་ཞིག་ཏུ་སྤྲུལ་བར།ཆོས་དར་རྒྱལ་པོས་བུ་ཚབ་ཏུ་གསོས་པར་བརྟེན་སྲས་མོ་ཆོས་སྒྲོན་དང་རྟག་པར་མཉམ་གཤིབ་བྱས་སྟབས་ཕན་ཚུན་དགའ་ཞེན་གྱི་བརྩེ་དུང་ཆགས།མོས་ཧུར་བརྩོན་རོགས་རམ་གནང་བའི་འོག་ཏུ། གླིང་རྗེ་གེ་སར་རྒྱལ་པོས་ཧོར་རྒྱལ་གྱི་བླ་གནས་པའི་བ་ལང་དེ་བསད་པ་དང་ཧོར་གུར་དཀར་རྒྱལ་པོའི་རྫུ་འཕྲུལ་གྱི་ནུས་པ་གཞི་ནས་ཤོར་ཏེ་ཕམ་པ་འབར་ཞིག་ལས་མ་ཡོད།གླིང་ཡུལ་དུ་ལོག་རྗེས་སུ་མགར་བཟའ་ཆོས་སྒྲོན་བཙུན་མོར་ཁབ་ཏུ་བཞེས་པ་ཡིན་ནོ།།
  • ལེ་ཚན་སྔོན་མ།:སེང་བློན།
  • ལེ་ཚན་རྗེས་མ།:བཅོ་ལྔའི་དཔའ་གསལ་ཟླ་བ།