2013ལོའི་ལྷ་སའི་ཞོ་སྟོན་གྱི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་བསྡུས།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2013-07-16

2013ལོའི་ལྷ་སའི་ཞོ་སྟོན་གྱི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་བསྡུས།

        ཟླ7པའི་ཚེས12ཉིན། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་།  ཀྲུང་གོའི་ལྷ་སའི་ཞོ་སྟོན་རྩ་འཛུགས་ཨུ་ཡོན་ལྷན་ཚོགས། ཀྲུང་གོའི་མིའི་རིགས་དང་མི་རིགས་རིག་པའི་ཞིབ་འཇུག་ཁང་བཅས་ཀྱིས་གཙོ་སྒྲུབ་གནང་བའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་ལ་རྒྱལ་སྤྱིའི་དུས་ཆེན་གྱི་བྱ་དགའ་ཐོབ་པའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་དང2013ལོའི་ལྷ་སའི་ཞོ་སྟོན་གྱི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་པེ་ཅིང་དུ་བསྡུས་ཤིང་། རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་གཞོན་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་གཞོན་པ། ཀྲུང་གོའི་གྲངས་ཉུང་མི་རིགས་རིག་གནས་སྒྱུ་རྩལ་དར་སྤེལ་ཚོགས་པའི་ཚོགས་གཙོ་རྣམས་ཐེངས་འདིའི་ཚོགས་འདུར་ཞུགས།
        རྒྱུས་ལོན་བྱུང་བ་ལྟར་ན།  2013ལོའི་ལྷ་སའི་ཞོ་སྟོན་ནི་ཟླ8པའི་ཚེས6ཉིན་ནས་ཚེས12བར་སྤེལ་རྒྱུ་ཡིན་ཞིང་། གོས་སྐུ་བཤམས་པ་དང་། བོད་ཀྱི་ཟློས་གར་འཁྲབ་སྟོན། ཞོ་སྟོན་བཅས་སྲོལ་རྒྱུན་བྱ་འགུལ་སྤེལ་བ་དམིགས་སུ་བཟུང་ཐོག  “ཀྲུང་གོའི་འདུན་མ་མཉམ་གླེང”ཞེས་པའི་བགྲོ་གླེང་དང་། ཞོ་སྟོན་གྱི་བརྗོད་དོན་གླུ་གཞས་གསར་རྩོམ་བསྡུ་རུབ། དེ་མིན་པར་འགྲེམ་དང་། ཡིག་གཟུགས་འགྲན་བསྡུར། ཐང་ག་འགྲེམ་སྟོན་སོགས་བྱ་འགུལ་རབས་དང་རིམ་པ་སྤེལ་འཆར་ཡོད་པ་རེད།

 

  • ལེ་ཚན་སྔོན་མ།:གྲངས་ཉུང་མི་རིགས་རྩོམ་རིག་འཕེལ་རྒྱས་ལས་གཞིའི་བོད་ཀྱི་རྩོམ་རིག་བྱ་བའི་གྲོས་ཚོགས་བསྡུས།
  • ལེ་ཚན་རྗེས་མ།:རྒྱལ་ཁབ་གནོད་སེལ་ཨུ་ཡོན་ལྷན་ཁང་དང་དམངས་སྲིད་པུའུ་གཉིས་ཀྱིས་ཀན་སུའུ་ཞིང་ཆེན་གྱི་གནོད་ཐེབས་ས་ཁུལ་ལ་རོག
  • དོ་སྣང་ཆེ་བའི་རྩོམ།