གྲངས་ཉུང་མི་རིགས་རྩོམ་རིག་འཕེལ་རྒྱས་ལས་གཞིའི་བོད་ཀྱི་རྩོམ་རིག་བྱ་བའི་གྲོས་ཚོགས་བསྡུས།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2013-07-16

གྲངས་ཉུང་མི་རིགས་རྩོམ་རིག་འཕེལ་རྒྱས་ལས་གཞིའི་བོད་ཀྱི་རྩོམ་རིག་བྱ་བའི་གྲོས་ཚོགས་བསྡུས།

        ཟླ7པའི་ཚེས11ནས་ཚེས13བར། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་གྲངས་ཉུང་མི་རིགས་རྩོམ་རིག་འཕེལ་རྒྱས་ལས་གཞིའི་བོད་ཀྱི་རྩོམ་རིག་བྱ་བའི་གྲོས་ཚོགས་སི་ཁྲོན་ཁྲིན་ཏུའུ་རུ་བསྡུས་ཤིང་། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་འབྲེལ་ཡོད་འགོ་གཙོ་དང་། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་གཙོ་བཀྲ་ཤིས་ཟླ་བ། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་གཙོ་གཞོན་པའམ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་འཇིགས་མེད་ཕུན་རྒྱལ། སི་ཁྲོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཨ་ལེ་དང་ཀྲུའུ་ཞི་གཞོན་པ་ཡེ་ཤེས་ཚེ་རིང་།  མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་མེ་སྒྲོན་སོགས་འབྲེལ་ཡོད་འགོ་ཁྲིད་དང་ཚོགས་མི་རྣམས་ཐེངས་འདིའི་ཚོགས་འདུར་ཞུགས།
        ཚོགས་ཐོག་ཏུ་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་གྲངས་ཉུང་མི་རིགས་རྩོམ་རིག་འཕེལ་རྒྱས་ལས་གཞིའི་རྒྱབ་ལྗོངས་དང་བོད་ཀྱི་རྩོམ་རིག་བྱ་བའི་གྲོས་ཚོགས་ཀྱི་དམིགས་ཡུལ་སོགས་མཚམས་སྦྱོར་གནང་ཞིང་། བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན།  ཀན་སུའུ། ཡུན་ནན་སོགས་ཞིང་ཆེན་ལྔའི་འགན་ཁུར་བ་སོ་སོས《ཀྲུང་གོའི་དུས་རབས་གསར་བའི་གྲངས་ཉུང་མི་རིགས་བོད་ཡིག་རྩོམ་རིག་བརྩམས་ཆོས་ཕྱོགས་བསྡུས》(སྟོད་ཆ་དང་སྨད་ཆ)ཀྱི་འཚོལ་བསྡུ་གནས་ཚུལ་སྙན་ཞུ་ཕུལ་བ་དང་། གྲོས་ཚོགས་སུ《བོད་ཀྱི་རྩོམ་རིག་ཕྱོགས་བསྡུས》ཞེས་པའི་ཞིང་ཆེན་སོ་སོའི་འདེམ་སྒྲིག་དང་ལས་སྒོ་དག་ཞིབ་ཏུ་བགྲོ་གླེང་དང་ཞིབ་འཇུག་བྱས་པ་མ་ཟད། “གྲངས་ཉུང་མི་རིགས་རྩོམ་རིག་འཕེལ་རྒྱས་ལས་གཞིའི་ཕུལ་བྱུང་བརྩམས་ཆོས་ཡིག་སྒྱུར་པར་བསྐྲུན་རོགས་སྐྱོར་དང་རྒྱ་ཡིག་ནས་བོད་ཡིག་ལོ་ཙཱའི་ཆེད་དོན”ཁྲོད་རྒྱ་ཡིག་བརྩམས་ཆོས་བོད་ཡིག་ཏུ་སྒྱུར་བའི་ཡིག་སྒྱུར་མི་སྣ་འདེམ་པ་དང་། དེ་རྩོམ་སྒྲིག་དང་ཞིབ་བཤེར་སོགས་ཀྱི་བྱ་བའི་ཐད་ནས་ཞིབ་ཏུ་གྲོས་བསྡུར་བྱས།

  • ལེ་ཚན་སྔོན་མ།:ལིག་ཡུན་ཧྲན་གྱིས་ཀྲེ་ཅང་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།
  • ལེ་ཚན་རྗེས་མ།:2013ལོའི་ལྷ་སའི་ཞོ་སྟོན་གྱི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་བསྡུས།
  • དོ་སྣང་ཆེ་བའི་རྩོམ།