བྲག་འགོ་རྫོང་གིས་དམིགས་སུ་བཀར་ནས་ལྗོངས་རྒྱུ་ལས་རིགས་འཕེལ་རྒྱས་བཏང་།

དབྱངས་ཅན་གྱིས་བསྒྱུར།        2013-07-15

  ཉེ་བའི་ལོ་ཤས་རིང་བྲག་འགོ་རྫོང་གིས་འགྲིལ་འགྲུལ་དྲ་བ་དང་སྤུས་དག་གི་ལྗོངས་རྒྱུའི་མཛེས་ཁུལ་འཛུགས་སྐྲུན་བྱེད་པར་བརྟེན་ནས།ཁྱད་ཆོས་མངོན་གསལ་དང་སྒྲིག་ཆས་ཆ་ཚང་འཐུས་ཚང་བྱས་པའི་ལྗོངས་རྒྱུའི་སྐོར་ལམ་གསོ་སྤེལ་བྱེད་གང་ཐུབ་བྱས་ནས་ལྟེ་གནས་གཅིག་དང་། འགྲོ་ལམ་གསུམ། ས་ཚུགས་གཉིས། སྐོར་ལམ་གསུམ་བཅས་ཀྱི་ལྗོངས་རྒྱུ་འཕེལ་རྒྱས་གཏོང་བའི་རྣམ་པ་ཆགས་ཡོད་པ་རེད།
    རྫོང་དེས་ཤིས་མདོ་གྲོང་རྡལ་གྱིས་ལྟེ་གནས་གཅིག་བྱས་པའི་ཁྱད་ཆོས་ལྡན་པའི་ལྗོངས་རྒྱུ་རིག་གནས་བསྡུ་འགྲེམ་ལྟེ་གནས་བྱས་པ་དང་། ཤྭ་ར་ཐང་(ཉིན་མོ་ཤང་)དང་མཁར་གསར་མཚོ་(མཚོ་མགོ་ཤང་)གིས་ཁྱད་ཆོས་ལྡན་པའི་ལྗོངས་རྒྱུའི་སྐོར་ལམ་གཉིས་བྱས་པ། རྫོང་གི་གྲོང་ཁུལ་གྱིས་ལྟེ་གནས་བྱས་པའི་སྐོར་ལམ་གསུམ་པོའི་ཁྱད་ཆོས་ལྡན་པའི་ལྗོངས་རྒྱུ་རིག་གནས་ཀྱི་སྐོར་ལམ་སྤུས་དག་བྱས་པ། མངའ་ཁོངས་ལས་བརྒལ་བའི་ཁམས་པའི་རིག་གནས་གནས་ཀྱི་སྐོར་ལམ་གསུམ་འཚོལ་ཞིབ་བྱེད་པ་སོགས་ཆེད་གཉེར་རྣམ་གྲངས་ཀྱི་ལྗོངས་རྒྱུའི་སྐོར་ལམ་ལེགས་པོ་བསྐྲུན་ནས། ལྗོངས་རྒྱུའི་ཚོང་རྫས་གསར་སྦོལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྔར་ལྷག་གིས་ཐང་ག་རི་མོ་དང་། ཤིང་ཆ་དང་རྡོ་རིགས་ཀྱི་རྐོས་རྫས། མི་རིགས་གོས་རྒྱན་སོགས་མི་རིགས་དང་དམངས་ཁྲོད་ཀྱི་ལག་ཤེས་བཟོ་རྩལ། གངས་ལྗོངས་འོ་སེ་ཇའི་ཐོན་རྫས་དང་ཕྱུར་བའི་ཐོན་རྫས་རབ་དང་རིམ་པ་སོགས་ཁྱད་ཆོས་ལྡན་པའི་ལྗོངས་རྒྱུའི་ཐོན་རྫས་ཆེན་པོ་ལྔ་སྔོག་འདོན་དང་འཕེལ་རྒྱས་གཏོང་ཡོད་པ་རེད། མིག་སྔར་རྫོང་དེས་གཙོ་གནས་རྣམ་གྲངས13འཆར་འགོད་དང་མཛེས་བཟོ་བྱེད་གང་ཐུབ་བྱེད་བཞིན་བྱས་ནས་སྔོན་རྩིས་བྱས་ན་སྒོར་དུང་ཕྱུར10གཏོང་འཇོག་བྱས་ནས་ཁམས་པའི་བྱང་རྒྱུད་ཀྱི་སྐད་གྲགས་ལྡན་པའི་མི་རིགས་དང་དམངས་ཁྲོད་ཀྱི་ལག་ཤེས་བཟོ་ལས་ཀྱི་ལྡུམ་ཁུལ་བསྐྲུན་རྒྱུར་བརྩོན་ལེན་བྱ་རྒྱུ་རེད།
  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱི་སྙིང་སྟོབས་སྤྱད་ནས་མང་ཚོགས་ལས་ཀའི་སྒུལ་ཤུགས་སྟོབས་ལྡན་བསྐྲུན་དགོས།
  • ལེ་ཚན་རྗེས་མ།: ཀོང་ཀྲོའུ་ནས་ཉི་སྟེན་བར་གྱི་དུས་གཏན་ཐད་གཏོང་གནམ་གྲུ་ཤར་གཏོང་གང་ཐུབ་བྱ་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།