དཀར་མཛེས་ཁུལ་གྱི་སྙིང་སྟོབས་སྤྱད་ནས་མང་ཚོགས་ལས་ཀའི་སྒུལ་ཤུགས་སྟོབས་ལྡན་བསྐྲུན་དགོས།

ཨན་རུང་མེས་བསྒྱུར།        2013-07-15

  མང་ཚོགས་ལས་ཀའི་ལས་འགན་ནི་རི་བོ་ལས་ལྗིད་ལ།མང་ཚོགས་ལས་ཀ་ནི་ཨ་སྔོན་གནམ་ལས་ཡངས།མང་ཚོགས་ལས་ཀར་མདུན་ལམ་ཆེན་པོ་ཡོད།མང་ཚོགས་ལས་ཀ་ཡོངས་སུ་སྤེལ་བའི་ལས་རིམ་གསར་པ་ནང་ཤུགས་ཆེན་པོས་བསམ་པ་རྣམ་དག་གིས་རྒྱལ་གཅེས་དང་།བདེ་སྐྱིད་དང་དགེ་བ་ལྡན་པའི་ཕན་ཚུན་རོགས་རམ།དོན་དངོས་སྒྲུབ་པ་དང་གསར་སྐྲུན།བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བཅས་དཀར་མཛེས་ཁུལ་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་དཀར་མཛེས་ཁུལ་གྱི་སྙིང་སྟོབས་ཀྱིས་མང་ཚོགས་ལས་ཀའི་སྒུལ་ཤུགས་སྟོབས་ལྡན་སྐྲུན་པ་དང་སྐུལ་འདེད་གཏོང་དགོས།
—བསམ་པ་རྣམ་དག་གིས་རྒྱལ་གཅེས་བྱ་རྒྱུ། བསམ་པ་རྣམ་དག་ཟེར་བ་དེ་ནི་དད་པ་དང་འགན་འཁྲི།བརྩེ་སེམས་བཅས་ཐོག་མཐའ་བར་གསུམ་དུ་གཅིག་ལྟར་བྱ་རྒྱུ་དེ་ཡིན།རྒྱལ་གཅེས་ཞེས་པ་ནི་མེས་རྒྱལ་ལ་བློ་དཀར་སེམས་དཀར་བྱེད་པར་མཚོན་པའི་ཆེས་བབ་བརླིང་དང་ཆེས་ཟོལ་མེད་ཀྱི་བརྩེ་དུང་དེ་ཡིན།ང་ཚོས་དད་པའི་མེ་སྒྲོན་རྒྱུན་དུ་གཙང་ཕྱི་དང་ཏང་གཤིས་བློ་སྦྱོང་ཤུགས་ཆེན་བྱེད་དགོས་པ་དང་།ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས།སྲིད་ཇུས་བཅས་དོན་འཁྱོལ་ཡོངས་སུ་བྱེད་པ་དེས་ཏང་ལ་ལྷག་བསམ་དག་རྒྱུ་གསལ་བཤད་བྱེད་དགོས། མི་དམངས་ཀྱི་བཀའ་དྲིན་རྒྱུན་དུ་དྲན་པ་དང་མི་དམངས་དེ་རང་གི་ཕ་མར་བརྩི་བ།དམངས་ལ་འགན་ཁུར་བ།ཇུས་འགོད་མཁས་པ་དང་ལས་སྒྲུབ་མཁས་པ་བཅས་བྱེད་དགོས་པ་དང་།མང་ཚོགས་ལས་ཀ་མངོན་སུམ་གསལ་རྗེན་གྱི་ལག་ལེན་བསྟར་ནས་མི་དམངས་ལ་ལྷག་བསམ་དག་པ་མཚོན་དགོས། འོག་རིམ་གྱི་དཀའ་སྡུག་རྒྱུན་དུ་དྲན་པ་དང་བསམ་པ་རྣམ་དག་གིས་འོག་རིམ་ལ་སེམས་ཁུར་དང་འོག་རིམ་ལ་ཞབས་ཞུ།རང་འགུལ་གྱིས་འོག་རིམ་གྱི་ལྟ་སྐུལ་དང་ལེན།འཐབ་གྲོགས་དང་འོག་རིམ་ལ་ལྷག་བསམ་རྣམ་དག་བྱེད་རིང་རྩ་འཛུགས་དང་ལས་དོན་ལ་གཞུང་སེམས་རྣམ་དག་མཚོན་པ་བཅས་བྱེད་དགོས། རྒྱལ་ཁབ་ཀྱི་མདུན་ལམ་ལ་བསམ་བློ་གཏོང་བ་དང་།སེམས་ཐག་རྦད་བཅད་ཀྱིས་ཁ་བྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་ནན་པོ།མེས་རྒྱལ་ལ་དགའ་བ་དང་མི་དམངས་ལ་ལྷག་བསམ་དག་པ།དཀར་མཛེས་ཁུལ་གྱི་ས་གཞི་ཆེན་པོར་འཆང་བའི་བརྩེ་དུང་ཟབ་མོ་བཅས་དེ་མང་ཚོགས་ལས་ཀ་ཡོངས་སུ་སྤེལ་བའི་ནང་གི་མི་ཚེ་སྦྱོང་བརྡར་དང་ཕུགས་བསམ་མཐོར་འདེགས།དམངས་ལ་བྱས་རྗེས་བཞག་པ་བཅས་ཀྱི་བྱ་སྤྱོད་དངོས་སུ་འགྱུར་བ་བྱེད་དགོས་པ་དང་།ལྷག་བསམ་རྒྱལ་གཅེས་དེ་ཁུལ་ཡོངས་ཀྱི་མི་དམངས་ཚོའི་ཆབ་སྲིད་བརྩོན་ལེན་བྱ་རྒྱུར་འགྱུར་དགོས།
—ཕན་ཚུན་རོགས་རམ་གྱི་དགེ་བར་དགའ་བ།དགེ་བར་དགའ་བ་ནི་མི་དགའ་རང་གཅེས་ཀྱི་ཆེས་མཐོ་བའི་བསམ་བློ་གཏོང་ཕྱོགས་ཤིག་ཡིན།ཕན་ཚུན་རོགས་རམ་ནི་དྲིན་གཟོ་དང་གཞན་ཕན་གྱི་དངོས་ཡོད་མཚོན་ཚུལ་ཞིག་ཡིན།དགེ་བ་སྒྲུབ་མཁན་མང་ན་སྤྱི་ཚོགས་དེ་དེ་བས་འཆམ་མཐུན་ཡོང་བ།དྲིན་གཟོའི་སེམས་བསམ་པ་མང་ན་མི་ཚེ་དེ་དེ་བས་བདེ་སྐྱིད་དུ་འགྱུར་བ།དཀར་མཛེས་ཁུལ་གྱི་ས་གཞི་ཆེན་པོ་ནི་དཀར་ཞིང་མཛེས་པ་དང་དཀར་མཛེས་ཁུལ་གྱི་མི་དམངས་ནི་དགེ་བ་དང་སྦྱིན་པ་གཏོང་རྒྱུར་དགའ་བ།མི་རིགས་ཁག་གི་མང་ཚོགས་བར་ཕན་ཚུན་རོགས་རམ་བྱེད་པ།རྒྱ་ཆེའི་ལས་བྱེད་པས་དགེ་སྒྲུབ་ཀྱི་བསམ་པ་ཁུར་ནས་མང་ཚོགས་ལ་ལྟ་སྟངས་འཛིན་ཞིང་མང་ཚོགས་ལ་དོན་ཆེན་དང་མྱུར་དུ་ཐག་གཅོད་དགོས་པའི་གནད་དོན།སྒྲུབ་དཀའ་བའི་གནད་དོན་བཅས་ཐུག་དུས་འགན་ཁུར་དགོས་པ་དང་ཕན་ཚུན་རོགས་རམ་དང་ཕན་ཚུན་དགའ་གཅེས་བྱེད་དགོས།ཁུལ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོར་རང་བཞིན་གྱི་མཐུན་སྒྲིལ་དང་།མཐུན་སྒྲིལ་ལ་གཅེས་འཛིན་དང་སྲུང་སྐྱོང་ནན་པོ་བྱས་ནས་གོང་བུ་གཅིག་ཏུ་སྒྲིལ་དགོས། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་དྲིན་གཟོའི་བསམ་པ་ཡོད་དགོས་པ་དང་།ཏང་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་བདེ་སྐྱིད་ལྡན་པའི་འཚོ་བར་དྲིན་གཟོ་བྱེད་དགོས།དགེ་བ་སྒྲུབ་པའི་བསམ་པ་འཆང་བ་དང་དྲིན་གཟོའི་ལས་དོན་སྒྲུབ་པ།ཕན་ཚུན་རོགས་རམ་གྱི་དགེ་བར་དགའ་བ་དེ་ཁུལ་ཡོངས་ཀྱི་མི་དམངས་ཀྱི་རིན་ཐང་དང་བརྩོན་ལེན་བྱ་རྒྱུར་འགྱུར་བ་བྱེད་དགོས།
    ——དངོས་གཉེར་གསར་སྐྲུན།དངོས་གཉེར་གསར་སྐྲུན་ཟེར་བ་དེ་ཏན་ཏན་ཏིག་ཏིག་གིས་དོན་དངོས་སྒྲུབ་པ་དང་
    རྒྱང་རིང་ལ་ལྟ་བ་གཉིས་གཅིག་གྱུར་བྱ་རྒྱུ་དང་།མིག་སྔར་ཁོང་དུ་ཆུད་པ་དང་འབྱུང་འགྱུར་གསར་གཏོད་བྱ་རྒྱུ་གཉིས་དང་ཟུང་འབྲེལ་བྱ་རྒྱུ་དེ་རེད།ཁུལ་གྱི་གནས་ཚུལ་དང་བསྟུན་ནས་ང་ཚོས་ཐབས་མེད་དང་བློ་ཕམ་ཡིད་ཆད་དུ་གནས་མི་ཉན་ལ།མིག་བཙུམ་ནས་རྒྱས་བཤད་སྟོང་བཤད་ཀྱང་བྱེད་མི་ཉན།དངོས་ཐོག་བདེན་འཚོལ་བྱས་ཏེ་མིང་སྟོང་དང་བྱས་རྗེས་སྟོང་པ་མི་གཉེར་བ།དངོས་སྒྲུབ་དཀའ་སྒྲུབ།དངོས་ཕན་བརྩོན་ལེན་བཅས་བྱེད་དགོས་པ་དང་།ཡུལ་བབ་དང་བསྟུན་ནས་བྱ་བ་གང་བྱེད་དོན་དངོས་ལ་གཞིགས་ནས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ལག་བསྟར་བྱེད་རིང་ཇུས་ཐབས་ཞིབ་འཇུག་དང་བྱེད་ཐབས་ཡག་པོ་འགོད་པ།ལག་ལེན་བསྟར་རིང་བྱས་རྗེས་གསར་སྐྲུན་དང་ཉམས་མྱོང་འཚོལ་ཞིབ་བྱེད་དགོས།ནུས་ལྡན་གྱི་ལག་ལེན་བསྟར་དགོས་པ་དང་།ལས་ཀའི་གནད་ཆེ་ས་དེ་དོན་འཁྱོལ་ཐོག་བཞག་ནས་རྡོ་ཐོག་ལངས་ན་རྐང་རྗེས་བཞག་པ་དང་ལྕགས་འཛིན་ན་རྗེས་ཡོད་པ་བྱེད་དགོས།གསར་སྐྲུན་ནི་ལས་དོན་རླབས་ཆེན་སྒྲུབ་རྒྱུའི་སྒུལ་ཤུགས་ཆེན་པོ་ཡིན།མིའི་རྗེས་སུ་ལུས་འདོད་མེད་པ་དང་གསར་གཏོད་བྱེད་ཕོད་པ་བྱེད་དགོས།སྲོལ་རྙིང་གཏོར་བ་དང་ཕུལ་བྱུང་ལ་བརྩོན་ལེན་བྱས་ནས་དངོས་གཉེར་གསར་སྐྲུན་བྱ་རྒྱུ་དེ་ཁུལ་ཡོངས་ཀྱི་མི་དམངས་ཀྱིས་བརྩོན་ལེན་བྱེད་པའི་སྙིང་སྟོབས་སུ་འགྱུར་བ་བྱེད་དགོས།
    —བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན།བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་ཟེར་བ་དེ་ནི་དཀའ་ངལ་དང་བར་ཆད་ལ་མི་སྐྲག་པ་དང་དཔའ་ངར་ཞུམ་མེད།ཞུམ་མེད་མདུན་སྐྱོད།བར་ཆད་ཡོད་ཚད་ཁྱད་སེལ་བྱས་ནས་གཏན་འཁེལ་བྱས་པའི་དམིགས་ཡུལ་དངོས་སུ་འགྲུབ་པ་བྱ་རྒྱུ་དེ་ཡིན།དཀར་མཛེས་ཁུལ་གྱི་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱེད་རིང་འོད་མདངས་བཀྲ་བའི་ཁམས་པའི་རིག་གནས་གསར་དུ་སྐྲུན་ཡོད།དཀར་མཛེས་ཁུལ་གྱི་ལོ་རྒྱུས་གསར་པ་འབྲི་དགོས་ན་ཤུགས་ཆེན་པོས་བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱེད་པའི་སྙིང་སྟོབས་དར་སྤེལ་གཏོང་དགོས་པ་དང་།བློ་བརྟན་འགྱུར་མེད་དང་ཡིད་ཆེས་བརྟན་པོར་འགྱུར་བ།བར་ཆད་བྱུང་ན་ཡིད་མི་ཆད་པ་བྱེད་པ།དཀའ་གནད་ལ་མི་སྐྲག་པ་བྱེད་དགོས།རྒྱུན་འཁྱོངས་ལྷོད་མེད་ཀྱིས་གཏན་འཁེལ་བྱས་པའི་ལས་ཀ་དེ་མཐའ་འཁྱོལ་དང་སྙིང་རུས་ལྷོད་མེད་བྱེད་དགོས་པ་དང།དམིགས་ཡུལ་བཟུང་ནས་ལྷོད་དུ་མི་གཏོང་བ་བྱེད་དགོས།སྤྱིར་བཏང་གི་ལས་ཀ་ཐེངས་མང་བསྒྲུབས་ན་སྤྱིར་བཏང་མིན་པར་འགྱུར་བ་དང་།ལས་སླ་བའི་ལས་ཀ་ཐེབས་མང་བསྒྲུབས་ན་ལས་སླ་མོ་མིན་པར་འགྱུར་བ།ཨ་ལས་ཡང་ལས་བྱས་ན་སྟོབས་ཤུགས་སུ་འགྱུར་བ།རྒྱུན་འཁྱོངས་ལྷོད་མེད་བྱས་ན་རེ་བ་འགྲུབ་ཐུབ།འབད་བརྩོན་ལྷོད་མེད་བྱས་ན་ཕུགས་འདུན་དངོས་སུ་འགྲུབ་ཐུབ།དཔའ་ངར་ཞུམ་མེད་ཀྱིས་འགོག་ཤུགས་གང་དག་དང་ཐུག་དུས་ཐོག་མཐའ་བར་གསུམ་དུ་སྒེར་སེམས་མེད་ཅིང་དཔའ་མི་ཞུམ་པ་དང་དཔའ་ངར་ཆེ་ཞིང་མདུན་དུ་བསྐྱོད་ནས་བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱ་རྒྱུ་དེ་ཁུལ་ཡོངས་མི་དམངས་ཀྱི་གཤིས་ཀར་འགྱུར་བ་བྱེད་དགོས།
  • ལེ་ཚན་སྔོན་མ།:བརྒྱད་ཟིལ་རྫོང་གིས་སྟར་ཀ་ལས་སྣོན་གྱི་ཁེ་ལས་དང་པོ་དངོས་སུ་འཛུགས་འགོ་ཚུགས།
  • ལེ་ཚན་རྗེས་མ།: བྲག་འགོ་རྫོང་གིས་དམིགས་སུ་བཀར་ནས་ལྗོངས་རྒྱུ་ལས་རིགས་འཕེལ་རྒྱས་བཏང་།
  • དོ་སྣང་ཆེ་བའི་རྩོམ།