ད་ལོར་བོད་ལྗོངས་ཀྱིས་སྲིད་འཛིན་སྡེ་བ་སྟོང་གསུམ་ལ་ཞིང་སྡེའི་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུ་ས་ཚིགས་འཛུགས་རྒྱུ་ཡིན་པ།

    ཞིན་ཧྭ་གསར་འགྱུར་དྲ་བ།    2013-07-03

གསར་འགོད་པས་ཚེས་སུམ་ཅུ་ཉིན་བོད་རང་སྐྱོང་ལྗོངས་བཟོ་ལས་དང་ཆ་འཕྲིན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་ཀྱིས་ད་ལོར་རྩ་འཛུགས་བྱས་ནས་ཞིང་སྡེ་སྟོང་ལ་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུ་ས་ཚིགས་འཛུགས་སྐྲུན་བྱེད་པ་དང་། ས་ཚིགས་སོ་སོར་གློག་ཀླད་དང་། ཡིག་དཔར་འཕྲུལ་ཆས་སོགས་ཀྱི་སྒྲིག་ཆས་ཆ་སྡེབས་དང་དྲ་སྦྲེལ་བྱེད་རྒྱུ་ཡིན་པ་མ་ཟད། ཞིང་ལས་ཆ་འཕྲིན་ཞབས་ཞུ་བ་འདེམས་བསྐོ་དང་གསོ་སྦྱོང་བྱས་ནས། ཆ་འཕྲིན་ཅན་དུ་བསྒྱུར་བ་དེས་བོད་ལྗོངས་ཀྱི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་ཕན་པ་སྒྲུབ་རྒྱུ་རེད།

བརྙན་འཕྲིན་དང་ཁ་པར་སྡེ་བ་རེ་རེར་འཐེན་པའི་བཟོ་སྐྲུན་དང་། འཕྲིན་གཏོང་བཟོ་སྐྲུན་དང་དབྱི་ཏུང་འཕྲིན་གཏོང་རྒྱ་ཆེར་ཁེབས་པར་བྱེད་པའི་བཟོ་སྐྲུན་གྱི་རྨང་གཞིའི་སྟེང་། བོད་ལྗོངས་ཀྱིས་ད་དུང་ཡུལ་བབ་དང་བསྟུན་ནས། སྐུད་མེད་དང་སྐུད་ཡོད། འཁོར་སྐར་སོགས་ཀྱི་རྣམ་པ་སྤྱད་ནས། རྨང་གཞིའི་གློག་འཕྲིན་དང་རླུང་བརྙན་འཕྲིན་གྱི་ཞབས་ཞུ་རྒྱ་ཆེ་བའི་རོང་འབྲོག་ཁུལ་དུ་སྦྲེལ་ནས། རོང་འབྲོག་མང་ཚོགས་ཀྱིས་དྲ་རྒྱར་འཇུག་པ་དང་ཁ་པར་གཏོང་བ། བརྙན་འཕྲིན་ལྟ་བ་སོགས་ཀྱི་ཞབས་ཞུ་མང་པོ་ཉམས་སུ་མྱོང་ཐུབ།

རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་ཀྱི་2010ལོའི་ལོ་མཇུག་ཏུ་སྲིད་འཛིན་སྡེ་བ་ཚང་མར་ཁ་པར་འཐེན་པ་དང་། 3Gདྲ་རྒྱ་རྫོང་ཡོངས་སུ་ཁེབས་པར་བྱས་ནས། 2012ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་ཞང་དང་གྲོང་བརྡལ་གྱི་བརྒྱ་ཆའི་གོ་དྲུག་ཡན་ལ་གློག་སྐུད་འཐེན་པ་དང་། ཚོད་དཔག་ལྟར་ན་2015ལོར། བོད་ལྗོངས་ཀྱི་སྲིད་འཛིན་སྡེ་བ་ཡོད་ཚད་དྲ་རྒྱར་འཇུག་ཐུབ་པ་མངོན་འགྱུར་བྱེད་ཐུབ་པ་དང་། དེའི་ཁྲོད་བརྒྱ་ཆའི་བརྒྱད་ཅུ་ཡི་སྲིད་འཛིན་སྡེ་བར་དྲ་རྒྱ་འཐེན་རྒྱུ་ཡིན་པ་མ་ཟད། སྲིད་འཛིན་སྡེ་བ་སྟོང་གསུམ་ལ་ཞིང་སྡེའི་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུ་ས་ཚིགས་འཛུགས་སྐྲུན་བྱེད་རྒྱུ་རེད།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་བདུན་པའི་ཐོག་གསུང་བཤད་གནང་
  • ལེ་ཚན་རྗེས་མ།:ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་ཞིབ་འཇུག་ཚོགས་པ་དབུ་བརྙེས་པ།
  • དོ་སྣང་ཆེ་བའི་རྩོམ།