ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་བདུན་པའི་ཐོག་གསུང་བཤད་གནང་།

སྐལ་བཟང་ཐུབ་བསྟན་གྱིས་བསྒྱུར།        2013-07-02

ཟླ་བ6པའི་ཚེས25ཉིན།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་བདུན་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་སྐོར་ལ་དམིགས་ནས་སློབ་སྦྱོང་བྱས་པ་རེད།ཞི་ཅིན་ཕིང་གིས་སློབ་སྦྱོང་གི་གཙོ་འགན་བཞེས་དུས་ལོ་རྒྱུས་ནི་ཆེས་བཟང་བའི་སློབ་དེབ་ཡིན་པ་དང་།ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་འཕེལ་རྒྱས་གཏོང་བ་དང་།ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་མདུན་སྐྱོད་སྐུལ་སྤེལ་གཏོང་བར་ངེས་པར་སྦྱོང་དགོས་པའི་སློབ་ཚན་ཞིག་ཡིན་ཞེས་ནན་གསུང་གནང་བ་རེད།
    ཞི་ཅིན་ཕིང་གིས་བསྟན་དོན།ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་འཕེལ་རྒྱས་གཏོང་དགོས་ན་ངེས་པར་དུ་རང་གི་འགྲོ་ལམ་ཐོག་བསྐྱོད་དགོས། ངེས་པར་དུ་འཛམ་གླིང་གི་གནས་བབ་དང་མཐུན་དགོས་ཤིང་།ངེས་པར་དུ་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པ་བྱེད་དགོས། ངེས་པར་དུ་ཏང་རང་ཉིད་ཀྱི་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ཡིད་ཆེས་སྲ་བརྟན་དུ་གཏོང་དགོས། གསར་བརྗེ་བྱས་ནའང་འདྲ། འཛུགས་སྐྲུན་བྱས་ནའང་འདྲ། བཅོས་བསྒྱུར་བྱས་ནའང་འདྲ། འགྲོ་ལམ་གྱི་གནད་དོན་ནི་ཆེས་རྩ་བའི་གནད་དོན་ཞིག་ཡིན།འགྲོ་ལམ་ཡང་དག་པའི་ཐོག་སྲ་བརྟན་འགྱུར་མེད་ཀྱིས་བསྐྱོད་པ་དང་།དུས་བསྟུན་མདུན་སྐྱོད་བྱས་ནས་འགྲོ་ལམ་འདི་རྒྱ་སྐྱེད་བཏང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་ཇི་ཙམ་འགྲོ་ན་དེ་ཙམ་ཡངས་ཤིང་རྒྱ་ཆེ་བར་འགྱུར་བར་སྐུལ་འདེད་གཏང་རྒྱུ་དེ་ནི་ཆེས་གནད་འགག་ཆེ་ཤོས་ཤིག་ཡིན།
    ཞི་ཅིན་ཕིང་གིས་ང་ཚོས་བཤད་བཞིན་པའི་འགྲོ་ལམ་ལ་ཡིད་ཆེས་དང་། རིག་གཞུང་ལ་ཡིད་ཆེས། ལམ་ལུགས་ལ་ཡིད་ཆེས་ཞེས་པ་དེ་ནི་ལག་ལེན་དངོས་ལས་བྱུང་བ་དང་། མི་དམངས་ལས་བྱུང་བ། བདེན་དོན་ལས་བྱུང་བ་རེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་རྙེད་ཤིན་ཏུ་དཀའ། དེ་ནི་བཅོས་བསྒྱུར་སྒོ་འབྱེད་ལོ30ལྷག་བྱས་པའི་རླབས་ཆེན་གྱི་ལག་ལེན་ཁྲོད་དུ་ཡོང་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ60ལྷག་གི་འཚོལ་ཞིབ་རྒྱུན་མཐུད་བྱེད་པའི་ཁྲོད་དུ་ཡོང་ཞིང་། ཉེ་རབས་ནས་བཟུང་ལོ170ལྷག་གི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་རྒྱུད་རིམ་གྱི་ཕྱོགས་བསྡོམས་གཏིང་ཟབ་བྱས་པའི་ཁྲོད་དུ་ཡོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ5000ལྷག་གི་རྒྱུན་རིང་དཔལ་ཡོན་གདན་རབས་ཀྱི་ཁྲོད་དུ་ཡོང་བས་ལོ་རྒྱུས་ཀྱི་འབྱུང་ཁུངས་དང་རྒྱ་ཆེའི་དངོས་ཡོད་རྨང་གཞི་ཡོད་པ་རེད། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཚན་རིག་རང་བཞིན་དང་བདེན་དོན་རང་བཞིན་ལ་ཤེས་རྟོགས་ཟབ་མོར་བྱེད་པའི་རྨང་གཞིའི་ཐོག་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་དགོས། མི་དམངས་ཀྱི་སྣེ་ཁྲིད་ནས་བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ལ་སྐུལ་སྤེལ་གཏོང་བའི་ཁྲོད་དུ་མུ་མཐུད་དེ་གསར་འབྱེད་བྱས་ཤིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་བཏོན་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་བླང་བྱ་ལྟར་མུ་མཐུད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་གསུང་གནང་བ་རེད། 
  • ལེ་ཚན་སྔོན་མ།:ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མས་བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་འབྲི་བའི་ལག་བ
  • ལེ་ཚན་རྗེས་མ།:ད་ལོར་བོད་ལྗོངས་ཀྱིས་སྲིད་འཛིན་སྡེ་བ་སྟོང་གསུམ་ལ་ཞིང་སྡེའི་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུ་ས་ཚིགས་འཛུགས་ར
  • དོ་སྣང་ཆེ་བའི་རྩོམ།