ཉག་རོང་རྫོང་གིས་ལས་འཁྱུར་ངལ་གསོའི་ལས་བྱེད་པ་དུད་ཚང110ལ་བདེ་སྡོད་ལས་གྲྭའི་རོགས་དངུལ་སྤྲད།

ཡེ་ཤེས་ལྷ་མོས།        2013-07-02

ཉེ་ཆར།ཉག་རོང་རྫོང་སྡོད་ཁང་དང་གྲོང་སྡེ་འཆར་འགོད་འཛུགས་སྐྲུན་ཅུས་ཀྱིས་རྫོང་ཨུ་དང་སྲིད་གཞུང་གི་བཀོད་སྒྲིག་ལྟར་རྫོང་བློ་བདེའི་ཨར་ལས་ཞེས་པའི་འགོ་ཁྲིད་ཚོ་ཆུང་གིས་འཛུབ་སྟོན་འོག་ནན་ཏན་གྱིས་ཞིབ་དཔྱད་བསྡུར་བཤེར་དང་ཚོད་ལྟ་ཞིབ་བཤེར་བྱས་ནས། 2005ལོའི་ཟླ4པའི་ཚེས་1ཚུན་ཆད་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་དང་2005ལོའི་ཟླ་བ4པའི་ཚེས1ཉིན་ནས་2012ལོའི་ཟླ་བ12པའི་ཚེས་31ཉིན་གྱི་བར་ནང་ཚེ་ལས་འདས་པའི་ལས་བྱེད་པ་རྣམས་ལ་བློ་བདེའི་ཨར་ལས་ཞེས་པའི་ཁ་གསབ་རོགས་དངུལ་ལག་ཐོག་སྟེར་བའི་ལས་ཀ་སྤེལ་པ་རེད། ཐེངས་འདིར་རྫོང་ཡོངས་ཀྱི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་དུད་ཚང་87དང་ཚེ་ལས་འདས་པའི་ལས་བྱེད་པ་དུད་ཚང་23་ཁྱོན་བསྡོམས་དུད་ཚང་110ལ་ཁ་གསབ་རོགས་དངུལ་སྤྲོད་པ། ཁ་གསབ་རོགས་ཁྱོན་བསྡོམས་དངུལ་སྒོར4,839,600,00ལས་བྱེད་པ་རྣམས་ཀྱི་ལག་ཏུ་སྤྲོད། དེའི་ཡན་ཆད་ལ་ཉག་རོང་རྫོང་གིས་ལས་འཁྱུར་ངལ་གསོའི་ལས་བྱེད་པ་དང་ཚེ་ལས་འདས་པའི་ལས་བྱེད་པ་ཁྱོན་བསྡོམ་དུད་ཚང་456ལ་ཁ་གསབ་རོགས་དངུལ་བསྡོམས་པས་སྒོར་19,931,664,00ལག་བསྟར་བྱས་ཟིན་པ་རེད།
  • ལེ་ཚན་སྔོན་མ།: རང་ཁུལ་གྱིས་ཉེན་མེད་ཐོན་སྐྱེད་ཟླ་བའི་བློ་འདྲི་ཉིན་མོའི་བྱེད་སྒོ་སྤེལ་བ།
  • ལེ་ཚན་རྗེས་མ།:དཀར་མཛེས་རིག་གནས་གནས་སྐོར་ངོ་སྤྲོད་དང་འོས་སྦྱོར་གྱི་བྱ་འགུལ་ཀོང་ཀྲིག་ཏུ་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།