རྒྱལ་ཡོངས་ཀྱི་རྩ་འཛུགས་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས་པ།

བཀྲ་ཤིས་འབུམ།    ཞིན་ཧྭ་གསར་འགྱུར་དྲ་བ།    2013-07-01

རྒྱལ་ཡོངས་ཀྱི་རྩ་འཛུགས་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས་པ།

ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན། རྒྱལ་ཡོངས་ཀྱི་རྩ་འཛུགས་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚོགས་ཐོག་ནས་གསུངས་བཤད་གནང་།

རྒྱལ་ཡོངས་ཀྱི་རྩ་འཛུགས་བྱ་བའི་གྲོས་ཚོགས་ཟླ་དྲུག་པའི་ཚེས་ཉེར་བརྒྱད་དང་ཚེས་ཉེར་དགུ་ཉིན་གཉིས་ལ་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་རྣམ་གཉིས་ཀྱིས་ཚོགས་ཐོག་ནས་གསུངས་བཤད་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་ཚོགས་འདུར་ཞུགས།

ཚོགས་ཐོག་ཏུ་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་གནས་བབ་དང་དཀའ་ཚེགས་ཤིན་ཏུ་ཆེ་བའི་རྒྱལ་ནང་གི་བཅོས་སྒྱུར་འཕེལ་རྒྱས་ཀྱི་ལས་འགན་ལ་དམིགས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་སྣ་ཚོགས་མངོན་འགྱུར་བྱེད་དགོས་ན། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་བ་གང་མང་ལྡན་པའི་རླབས་ཆེན་འཐབ་རྩོད་བྱེད་དགོས་པ་དང་། དེའི་གནད་འགག་ནི་ཏང་ལ་ཐུག་ཡོད་པ་དང་མི་ལའང་ཐུག་ཡོད། གནད་འགག་དེ་ཏང་ལ་ཐུག་ཡོད་པས་ཏང་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་སུ་གཏོང་བའི་ལོ་རྒྱུས་འཕེལ་རིམ་ཁྲོད་དུ་ནམ་ཡང་སྟོབས་ལྡན་མགོ་ཁྲིད་ཀྱི་སྲོག་ཤིང་དུ་འགྱུར་བ་སྲུང་འཛིན་བྱེད་དགོས་ལ། གནད་འགག་དེ་མི་ལ་ཐུག་ཡོད་པ་ནི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་རྒྱུ་དེ་ཡིན་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཏང་གིས་ཏང་ལ་དོ་དམ་བྱས་ན་ད་གཟོད་ཏང་ལ་དོ་དམ་བཟང་བོ་བྱེད་ཐུབ་པ་དང་། ཏང་སྐྱོང་ནན་མོ་བྱས་ན་ད་གཟོད་ཏང་ལ་བཅོས་སྐྱོང་བཟང་བོ་བྱེད་ཐུབ། ཏང་གིས་ཏང་ལ་དོ་དམ་བྱེད་སྐབས། ཐོག་མར་ལས་བྱེད་པར་དོ་དམ་བཟང་བོ་བྱེད་དགོས་པ་དང་། ཏང་ལ་བཅོས་སྐྱོང་ནན་མོ་བྱེད་པའི་གནད་འགག་ནི་ལོ་རྒྱུས་རྒྱུན་འཁྱོངས་ནན་མོ་བྱེད་རྒྱུ་དེ་ཡིན། ལས་བྱེད་པར་དོ་དམ་ནན་མོ་བྱེད་པ་དེ་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་རྒྱུད་རིམ་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱེད་དགོས་པ་དང་། སློབ་གསོ་ནན་མོ་གཏོང་བ་དང་དོ་དམ་བཟང་བོ་བྱེད་པ། ལྟ་རྟོག་ནན་མོ་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་ཁུངས་དང་མགོ་ཁྲིད་ལས་བྱེད་པ། ལྷག་པར་དུ་ཀྲུང་དབྱང་ལས་ཁུངས་དང་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས། མཐོ་རིམ་མགོ་ཁྲིད་ལས་བྱེད་པ་བཅས་ཀྱིས་སྣེ་ཁྲིད་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་དུས་དང་རྣམ་པ་ཀུན་ཏུ་རང་གིས་རང་ལ་རེ་བ་ནན་མོ་འཛིན་པ་དང་དཔེ་སྟོན་གྱིས་ནུས་པ་འདོན་དགོས་ཟེར།

ཚོགས་ཐོག་ནས་ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། གནས་བབ་གསར་བའི་འོག་གི་རྩ་འཛུགས་བྱ་བ་བཟང་བོར་བསྒྲུབ་སྐབས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་གཏན་ལ་ཕབ་པའི་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་དངོས་འབེབས་བཟང་བོ་བྱས་ཏེ། ཏང་དང་མི་དམངས་དགོས་མཁོ་ཤིན་ཏུ་ཆེ་བའི་ལས་བྱེད་པ་བཟང་བོ་གདམ་གསེས་དང་སྐྱེད་སྲིང་བྱེད་པ་དང་། ཏང་ཡོན་ལས་བྱེད་པའི་བསམ་བློ་ཆབ་སྲིད་བྱང་ཚད་སྔར་ལས་ཇེ་མཐོར་གཏོང་དགོས་ལ། ཏང་གི་སྤྱོད་ཚུལ་བཟང་བོ་དར་སྤེལ་བྱེད་པ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་འཕེལ་རྒྱས་གསོན་ཤུགས་ཇེ་ཆེར་བཏང་ནས། ཏང་གི་འཛུགས་སྐྲུན་ཚན་རིག་ཅན་དུ་བསྒྱུར་བའི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས་ཟེར།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་ཀྲུའུ་ཞིའི་བཀའ་ཁྱབ་ཨང་བཞི་བ་དང་ལྔ་བའི་སྟེང་མིང་བཀོད་པ།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱིས་ཐོག་མའི་བོད་རྒྱ་ཤན་སྦྱར་གྱི་ལུས་རྩལ་རྒྱན་འཛིན་མཚོ་སྔོན་དུ་འགྲེམ་སྤེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།