ལས་རིགས་སློབ་གླིང་གི་མི་རིགས་རིག་གནས་རྒྱུད་འཛིན་དང་གསར་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་གཤམ་སྤྲོད་བྱས་པ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན།    2013-06-19

ཀྲུང་གོའི་མི་རིགས་ཚགས་པར་ཐོག་གནས་ཚུལ་སྤེལ་གསལ། ཉིན་ཤས་གོང་། སློབ་གསོ་པུའུ་དང་རིག་གནས་པུའུ། རྒྱལ་ཁབ་མི་རིགས་བྱ་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་ལས་རིགས་སློབ་གླིང་གི་མི་རིགས་རིག་གནས་རྒྱུད་འཛིན་དང་གསར་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་གཤམ་སྤྲོད་བྱས་པ་དང་ལས་རིགས་སློབ་གླིང་གི་མི་རིགས་རིག་གནས་རྒྱུད་འཛིན་དང་གསར་སྐྲུན་ལས་དོན་བཀོད་སྒྲིག་བྱས་པ་དང་ལས་རིགས་སློབ་གླིང་གིས་ལས་ཀ་དང་མི་གསོ་སྐྱོང་ནུས་ལྡན་ངང་ཟུང་འབྲེལ་བྱས་ནས་མི་རིགས་རིག་གནས་དེ་སློབ་གྲྭའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱེད་རྒྱུུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

ལས་རིགས་སློབ་གླིང་གི་མི་རིགས་རིག་གནས་རྒྱུད་འཛིན་དང་གསར་སྐྲུན་ལས་དོན་ལ་གང་འདྲ་བྱས་ནས་སྐུལ་འདེད་ནུས་ལྡན་གཏོང་རྒྱུའི་ཐད་པུའུ་དང་ཨུ་ཡོན་ལྷན་ཁང་གསུམ་གྱིས་ཕྱོགས་ལྔའི་ཐད་ཀྱི་གཙོ་གནས་ལས་འགན་བཀོད་སྒྲིག་བྱས་ཡོད་པ་སྟེ། དང་པོ་ནི་མི་རིགས་རིག་གནས་དེ་སློབ་གྲྭའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱེད་རྒྱུུར་སྐུལ་འདེད་གཏོང་དགོས་པ་དང་གཉིས་པ་ནི་དམངས་ཁྲོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་ལས་རྒྱུད་འཛིན་བྱ་ཐབས་སྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་གཏོང་དགོས་པ། གསུམ་པ་ནི་འབྲེལ་ཡོད་མི་རིགས་ཐོན་ལས་བརྗེ་སྒྱུར་རིམ་འཕར་དང་གོང་འཕེལ་འགྲོ་རྒྱུུར་ཞབས་ཞུ་བྱེད་པ། བཞི་པ་ནི་མངོན་མེད་རིག་གནས་ཤུལ་བཞག་རྒྱུད་འཛིན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ལྔ་པ་ནི་མི་རིགས་ས་ཁུལ་གྱི་ཆེད་ལས་བཀོད་སྒྲིག་དང་ལེགས་སྒྲིག་དང་ལེགས་སྒྱུར་བྱེད་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་རེད།

པུའུ་དང་ཨུ་ཡོན་ལྷན་ཁང་གསུམ་གྱིས། ས་ཁུལ་ཁག་དང་ལས་རིགས་སློབ་གླིང་ཁག་གིས་རྒྱལ་ཁབ་ཀྱི་གཙོ་གནད་ཐོན་ལས་དང་གསར་དར་ཐོན་ལས། ས་ཁོངས་ཀྱི་མི་རིགས་ཁྱད་ལྡན་ཐོན་ལས། རིག་གནས་ཐོན་ལས་བཅས་ཀྱི་གོང་འཕེལ་དགོས་མཁོ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཆེད་ལས་བཀོད་སྒྲིག་བྱེད་རྒྱུར་ལེགས་སྒྲིག་བྱེད་པ་དང་ཆེད་ལས་གྲུབ་ཆ་དང་གནས་སྟངས་ལེགས་སྒྱུར་བྱེད་དགོས་པ་དང་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་དང་དམངས་ཁྲོད་མཛེས་རིག་བཟོ་རྩལ། མི་རིགས་ཀྱི་འཁྲབ་སྟོན་སྒྱུ་རྩལ་སོགས་མི་རིགས་རིག་གནས་ཀྱི་འབྲེལ་ ཡོད་ཆེད་ལས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། འབྲེལ་ཡོད་ཆེད་ལས་སློབ་འཁྲིད་ཚད་གཞི་ཞིབ་འཇུག་བྱས་ནས་བཟོས་ནས་ཆེད་ལས་འཛུགས་སྐྲུན་གཞི་ཁྱོན་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། པུའུ་དང་ཨུ་ཡོན་ལྷན་ཁང་གསུམ་གྱིས་དམངས་ཁྲོད་སྒྱུ་རྩལ་མི་སྣ་དང་ལག་རྩལ་དབུ་ཆེན། མངོན་མེད་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་པས་ལས་རིགས་སློབ་གསོ་དང་སློབ་འཁྲིད་ནང་ཞུགས་རྒྱུར་སྐུལ་མ་བཏང་ཡོད་པ་རེད། 

  • ལེ་ཚན་སྔོན་མ།:ཀྲུང་དབྱང་གིས་མཚོ་སྔོན་ཞིང་ཆེན་གྱི་འབྲིང་རིམ་ལས་རིགས་སློབ་གྲྭར་ཆེད་སྤྱོད་མ་དངུལ་སྒོར་བྱེ་བ་ལྔ་བཏང་བ།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་ཀྱི་དགུན་གྲོ་བཅུ་ཆའི་དྲུག་ཙམ་བསྡུས་ཟིན་པ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10