མཛེས་སྡུག་གི་ཀྲུང་གོ། ཚེ་སྲོག་གི་འབྲི་ཆུ”ཞེས་པའི་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུའི་སྐྱེ་དངོས་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱ་འགུལ་སྤེལ་མགོ་བརྩམས་པ།

བདེ་སྐྱིད་འཚོ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-06-19

“མཛེས་སྡུག་གི་ཀྲུང་གོ། ཚེ་སྲོག་གི་འབྲི་ཆུ”ཞེས་པའི་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུའི་སྐྱེ་དངོས་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱ་འགུལ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནས་སྤེལ་མགོ་བརྩམས།

རྒྱུས་ལོན་བྱུང་བ་ལྟར་ན། རེབ་འདིའི་ཚན་རིག་རྟོག་ཞིབ་བྱ་འགུལ་དེ་ཞིང་ལས་པུའུ་ཡིས་འབྲི་ཆུའི་བཞུར་རྒྱུན་གྱི་ཉྭ་ལས་ཐོན་ཁུངས་དོ་དམ་ཨུ་ཡོན་ལྷན་ཁང་དང་། འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པས་མཉམ་དུ་བསྒྲུབས་པ་དང་། ཀྲུང་གོ་ཆུའི་སྐྱེ་དངོས་སྲུང་སྐྱོབ་མཐུན་སྦྱོར་ཚོགས་པ། ཧྥུའུ་ཏན་སློབ་གྲྭ་ཆེན་མོ། ཀྲུང་གོ་ཚན་རིག་གླིང་ཆུའི་སྐྱེ་དངོས་ཁང་དང་། འབྲི་ཆུའི་ཚན་རིག་གླིང་། ཐུང་ཅིས་སློབ་གྲྭ་ཆེན་མོ་སོགས་ལས་ཁུངས་ཀྱིས་རྩ་འཛུགས་བྱས་པའི་ཆེད་མཁས་པའི་རྟོག་ཞིབ་ཚོགས་པ་ཞིག་ཡིན་ལ། རྟོག་ཞིབ་ཚོགས་པས་འབྲི་ཆུའི་མགོ་ཁུངས་ཡུས་ཧྲུའུ་ནས་མགོ་བརྩམས་ཏེ། རྫ་ཆུ་དང་ཅིན་ཧྲ་ཅང་གཙང་བོ་དང་དབྱི་པེན། ཁྲི་ཧྲོས་གཙང་བོ་བརྒྱུད་ནས། བརླན་སའི་སྐྱེ་ཁམས་ཁོངས་གཏོགས་དང་ཆུའི་སྐྱེ་དངོས་སྣ་མང་རང་བཞིན་དང་། ཆུའི་ཐོན་ཁུངས་སྲུང་སྐྱོབ་དང་གསར་སྤེལ་བེད་སྤྱོད་སོགས་ཐད་ལ་ཕྱོགས་ཡོངས་ནས་ཚན་རིག་རྟོག་ཞིབ་བྱས་ཏེ། འབྲི་ཆུའི་བཞུར་རྒྱུན་གྱི་ཕྱོགས་བསྡུས་དོ་དམ་དང་སྲུང་སྐྱོབ་བྱེད་པར་ཚན་རིག་གི་རྨང་གཞི་བརྟན་པོ་འདིང་རྒྱུ་རེད། །

  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཧེ་ཨེར་མཱ་ལི་ཡ་མུའུ་ལ་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:ཡུས་ཀྲིན་ཧྲིན་གྱིས་ཧྥུའུ་ཅན་ཞིང་ཆེན་དུ་བྱ་བར་རྟོག་ཞིབ་མཛད་པ།
  • དོ་སྣང་ཆེ་བའི་རྩོམ།