ནན་ཅིན་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་པོ་ཧྥང་ཡན་མིང་གིས་དར་མདོར་འཆད་ཁྲིད་གནང་།

སྐལ་བཟང་ཐུབ་བསྟན།        2013-06-18

ཟླ་བ6པའི་ཚེས14ཉིན། ཁུལ་དྲིལ་བསྒྲགས་པུའུ་ཡིས་གཅིག་གྱུར་འཆར་འགོད་འོག་ནན་ཅིན་སློབ་གྲྭ་ཆེན་མོའི་གསར་འགྱུར་སྒྲོག་སྤེལ་ཁང་གི་སློབ་དཔོན་ཆེན་པོ་ཧྥང་ཡན་མིང་གིས་དར་མདོའི་གསར་འགྱུར་ལས་རིགས་ཀྱི་མི་སྣ་སྟེ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཅུས་དང་དཀར་མཛེས་ཚགས་པར་ཁང་གི་ལས་སྒྲུབ་མི་སྣ་རྣམས་ལ་འཆད་ཁྲིད་གནང་བ་རེད། འཆད་ཁྲིད་བྱེད་སྒོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་གཙོ་འགན་བཞེས་ཤིང་སློབ་དཔོན་ཆེན་མོ་ཧྥང་ཡན་མིང་གིས་དུས་རབས་ཀྱི་འགྲན་རྩོད་དང་། གསར་འགྱུར་ལས་རིགས་ཀྱི་འགན་ཁུར། གསར་འགྱུར་གྱི་བྱང་ཚད། གསར་འགྱུར་གྱི་ཡིག་གཞི་བཅས་ཁག་བཞིའི་ནང་དོན་ཐད་ནས་རང་གི་ཉམས་མྱོང་དངོས་དང་གསོན་ཉམས་ལྡན་པའི་དཔེར་མཚོན་བཅས་དྲངས་ནས་འཆད་ཁྲིད་གནང་བས། གསར་འགྱུར་ལས་སྒྲུབ་མི་སྣ་ཡོངས་ཀྱི་ཐོས་རྒྱ་འབྱེད་ཅིང་བསམ་གཞིགས་བྱ་ཚུལ་བཅོས་བསྒྱུར་གཏོང་བ་དང་། ལས་སྒོའི་བྱང་ཚད་མཐོར་འདེགས་མངོན་གསལ་ཕྱིན་པ་བཅས་ལ་ཕན་འབྲས་ཆེན་པོ་ཐོབ་པ་རེད། 
  • ལེ་ཚན་སྔོན་མ།: ཝེ་ཧུང་གིས་གཙོ་འགན་བཞེས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་འཚོགས་ནས་ཞིང་ཆེན་ཡོངས་ཀྱི་མ་མཐའི
  • ལེ་ཚན་རྗེས་མ།:རོང་བྲག་རྫོང་གིས་གྲོང་བགྲོད་གཞུང་ལམ་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ།
  • དོ་སྣང་ཆེ་བའི་རྩོམ།