ཝེ་ཧུང་གིས་གཙོ་འགན་བཞེས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་འཚོགས་ནས་ཞིང་ཆེན་ཡོངས་ཀྱི་མ་མཐའི་གླ་ཕོགས་ཀྱི་ཚད་ཞིག་ཆ་སྙོམས་བཅུ་ཆ་གཉིས་སྤར་རྒྱུའི་ཞིབ་འཇུག་ཐག་གཅོད་བྱས།

        2013-06-18

2012ལོའི་ཟླ་བ་དང་པོའི་རྗེས་སུ་རང་རེའི་ཞིང་ཆེན་གྱིས་ཡང་དུ་ཞིང་ཆེན་ཡོངས་ཀྱི་མ་མཐའི་གླ་ཕོགས་ཀྱི་ཚད་ཞིག་ལེགས་སྒྲིག་བྱས།ཉེ་ཆར་ཞིང་དཔོན་ཝེ་ཧུང་གིས་གཙོ་འགན་བཞེས་ནས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་12པ་འཚོགས་ཤིང་།ད་ལྟ་ལག་ལེན་བྱེད་བཞིན་པའི་རིམ་པ་བཞིའི་མ་མཐའི་གླ་ཕོགས་ཚད་གཞི་བརྒྱ་ཆ14.3དང་བརྒྱ་ཆ25སྤར་རྒྱུ་དང་།ད་ལྟར་ལག་ལེན་བྱེད་བཞིན་པའི་རིམ་པ་བཞིའི་ཉིན་ཧྲིལ་པོའི་ལམ་ལུགས་མིན་པའི་གླ་པ་སྤྱོད་པའི་ཆུ་ཚོད་རེར་མ་མཐའི་གླ་ཕོགས་ཚད་གཞི་དེ་བརྒྱ་ཆ14.5ནས་བརྒྱ་ཆ23.8སྤར་རྒྱུའི་གྲོས་ཐག་བཅད་ཅིང་།ལེགས་སྒྲིག་བྱས་རྗེས་ཀྱི་ཚད་ཞིག་དེ་རྒྱལ་ཡོངས་ཀྱི་རིམ་པ་འབྲིང་ཕྱོགས་སུ་སླེབས་པ་དང་།ནུབ་རྒྱུད་ཀྱི་མདུན་གྲས་སུ་སླེབས་པ་རེད།
    
  • ལེ་ཚན་སྔོན་མ།:རང་ཁུལ་གྱི་སྡེ་ཁག་མང་པོས་མཉམ་དུ་འགྲིམ་འགྲུལ་ཉེན་མེད་ཡོང་བར་ཁག་ཐེག་བྱས།
  • ལེ་ཚན་རྗེས་མ།:ནན་ཅིན་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་པོ་ཧྥང་ཡན་མིང་གིས་དར་མདོར་འཆད་ཁྲིད་གནང་།
  • དོ་སྣང་ཆེ་བའི་རྩོམ།