ཁུལ་ཡོངས་སུ་སྔོན་གྱི་ཟླ་བ5ཡི་ནང་ཁྱོན་བསྡོམས་ཚོང་འགུགས་རྣམ་གྲངས141ལག་བསྟར་བྱས།

(ལྷ་འཛོམས་ཀྱིས་བསྒྱུར།)        2013-06-17

  ཞིང་ཆེན་ཕྱིའི་མ་དངུལ་ལག་ཐོག་འབྱོར་ཚད་ན་ནིང་ལོའི་དུས་མཉམ་ལས་ཅུང་འཕར་སྣོན་བྱུང་།
    ཁུལ་ཚོང་དོན་དང་དཔལ་འབྱོར་མཉམ་ལས་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན།ད་ལོའི་ཟླ་བ་དང་པོ་ནས5པའི་བར་རང་ཁུལ་གྱིས་ཁྱོན་བསྡོམས་ཚོང་འགུགས་རྣམ་གྲངས་141ལག་བསྟར་བྱས་པའི་ནང་མུ་མཐུད་ནས་འཛུགས་སྐྲུན་བྱས་པའི་རྣམ་གྲངས126ཡོད་པ་དང་གསར་སྐྲུན་བྱེད་པའི་རྣམ་གྲངས15་ཡོད།ཟླ་བ5པའི་ཚེས25ཉིན་དུ་སླེབས་དུས།ཁྱོན་བསྡོམས་རྣམ་གྲངས103ལས་འགོ་ཚུགས་པ་དང་མ་དངུལ་སྒོར་དུང་ཕྱུར51.19ལག་ཐོག་འབྱོར་ཡོད་པ་དང་ཁུལ་གྱི་དམིགས་འབེན་ལས་འགན་གྱི་བརྒྱ་ཆ48.75གྲུབ་པ།ན་ནིང་ལོའི་དུས་མཉམ་ལས་བརྒྱ་ཆ8.25མར་ཆག་པ།དེའི་ནང་རྒྱལ་ནང་དང་ཞིང་ཆེན་ཕྱིའི་ཚོང་འགུགས་རྣམ་གྲངས36ལག་བསྟར་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར34.24དངོས་སུ་ལག་ཐོག་སླེབས་པ།ཁུལ་གྱི་དམིགས་འབེན་ལས་འགན་གྱི་བརྒྱ་ཆ38.91གྲུབ་པ་དང་བརྒྱ་ཆ0.97འཕར་བ། ཟླ་བ5པར་གན་རྒྱ་ལྟར་མ་དངུལ་འཇོག་པའི་རྣམ་གྲངས་གཅིག་གསར་སྣོན་བྱུང་བ་དང་རྣམ་གྲངས་གཉིས་ལས་འགོ་ཚུགས་པ།མ་དངུལ་སྒོར་དུང་ཕྱུར9.47ལག་ཐོག་འབྱོར་བའི་ནང་རྒྱལ་ནང་དང་ཞིང་ཆེན་ཕྱིའི་མ་དངུལ་སྒོར་དུང་ཕྱུར8.89ལག་ཐོག་འབྱོར་བ་རེད།
  • ལེ་ཚན་སྔོན་མ།:ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར18.6བཏང་ནས་སྔོན་གྱི་ཀྲུང་དབྱང་གསར་བརྗེའི་གནས་གཞི་ས་ཁུལ་རྙིང་པའི
  • ལེ་ཚན་རྗེས་མ།: བརྒྱད་ཟིལ་གྱིས་ཞིང་སྡེ་གསར་པའི་དཔེ་སྟོན་ས་ཁུལ་བཞི་འཛུགས་པ།
  • དོ་སྣང་ཆེ་བའི་རྩོམ།