སྤེན་བད།

        2013-05-30

དགོན་པ་དང་།ལྷ་ཁང་།ཕོ་བྲང་སོགས་ཀྱི་ཡང་ཐོག་མཚམས་སུ་མཛེས་ཤིང་ཡིད་དུ་འོང་བའི་ཚོན་མདོག་རྒྱ་རྨུག་ཡིན་པའི་རྩིག་པ་སྟར་པ་གཅིག་མཐོང་རྒྱུ་ཡོད་པ་དེ་ལ་སྤེན་བད་ཟེར་ཞིང་།དེའང་རི་ཤིང་སྤེན་མ་གད་གདར་གྱིས་ཆག་འདེམས་བརྒྱབ་ནས་རྩིག་སྟེང་གྲལ་སྒྲིག་པོས་སྤེན་བད་བརྒྱབ་ནས་དེའི་ཐོག་སྤེན་རྒྱན་བཟོ་བསྐྲུན་བྱེད་ཀྱི་ཡོད།སྤེན་བད་ནི་ཚན་རིག་དང་ལྡན་པའི་འཛུགས་སྐྲུན་རྒྱུ་ཆ་ཞིག་ཡིན་ཞིང་།དེའང་བོད་མིས་དུས་ཡུན་རིང་པོའི་ནང་ཨར་ལས་འཛུགས་སྐྲུན་བྱས་པའི་ནང་ཉམས་མྱོང་བསགས་ནས་ཐོབ་པའི་གྲུབ་འབྲས་ངོ་མཚར་ཅན་ཞིག་ཡིན་པ་གོར་མ་ཆག སྤེན་བད་ཀྱི་ཁྱད་ཆོས་ནི་རྩིག་ཐོག་ཧ་ཅང་ཡང་བའི་རྒྱུ་ཆ་ཞིག་ཡིན་སྟབས་རྩིག་ཐོག་གི་ལྗིད་ཚད་ཡང་དུ་བཏང་ཐུབ་པའི་ཁར་རླུང་ཤུགས་ཕྱིར་ཐོན་བདེ་བས་ཁང་པར་སེར་ཁ་གས་པ་དང་རྩིག་པར་གཞའ་སྐྱོན་འགོག་ཐུབ་པ་སོགས་ཀྱི་ནུས་པ་ལྡན་པ་བཅས་ཀྱི་རྩིག་པའི་སྐྱོན་ཆ་སྔོན་འགོག་ཐུབ་ཁར།བརྗིད་ཉམས་དང་མཛེས་རྒྱན་གྱི་ནུས་པ་དམིགས་གསལ་ཅན་ཞིག་ཐོན་ཐུབ་ཀྱི་ཡོད།
 
  • ལེ་ཚན་སྔོན་མ།:པོ་ཏ་ལའི་རྩིགས་སྐྱོར་སྒོར་མོ།
  • ལེ་ཚན་རྗེས་མ།:རྩིག་ངོས་སུ་ས་ཚོན་སྒྲོན་པའི་སྲོལ།
  • དོ་སྣང་ཆེ་བའི་རྩོམ།