ཀྲང་ཏེ་ཅང་ཡིས་ཨུ་རུ་སུ་རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་ན་ལོས་ཧྲི་ཅིན་དང་གྲོས་མོལ་མཛད་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-05-29

ཀྲང་ཏེ་ཅང་ཡིས་ཨུ་རུ་སུ་རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་ན་ལོས་ཧྲི་ཅིན་དང་གྲོས་མོལ་མཛད་པ།

སྤྱི་ཟླ༥བའི་ཚེས༢༧ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་པེ་ཅིན་ནས་ཨུ་རུ་སུ་རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་ན་ལོས་ཧྲི་ཅིན་དང་གྲོས་མོལ་མཛད་པ།
 

ཀྲང་ཏེ་ཅང་ཡིས་ཨུ་རུ་སུ་རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་ན་ལོས་ཧྲི་ཅིན་དང་གྲོས་མོལ་མཛད་པ།

  སྤྱི་ཟླ༥བའི་ཚེས༢༧ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་པེ་ཅིན་ནས་ཨུ་རུ་སུ་རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་ན་ལོས་ཧྲི་ཅིན་དང་གྲོས་མོལ་མཛད་པ།
 

ཀྲང་ཏེ་ཅང་ཡིས་ཨུ་རུ་སུ་རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་ན་ལོས་ཧྲི་ཅིན་དང་གྲོས་མོལ་མཛད་པ།

  སྤྱི་ཟླ༥བའི་ཚེས༢༧ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་དང་ཨུ་རུ་སུ་རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་ན་ལོས་ཧྲི་ཅིན་གཉིས་ཀྲུང་གོ་དང་ཨུ་རུ་སུ་གྲོས་ཁང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཞུ་ཚིག་ཕུལ་བ། 

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་སྤྱི་ཟླ5བའི་ཚེས27ཉིན་པེ་ཅིན་ནས་ཨུ་རུ་སུ་རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་ན་ལོས་ཧྲི་ཅིན་དང་གྲོས་མོལ་མཛད་པར་མ་ཟད། མཉམ་དུ་ཀྲུང་གོ་དང་ཨུ་རུ་སུ་གྲོས་ཁང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཞུ་ཚིག་ཕུལ།

  ཀྲང་ཏེ་ཅང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨུ་རུ་སུ་གཉིས་ཀྱིས་ཕན་ཚུན་ལ་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོ་ཆེས་གཙོ་བོ་དང་ཆེས་གལ་ཆེན་ཞིག་ཏུ་བརྩིས་ཡོད། ད་ལོའི་སྤྱི་ཟླ3པར། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་མཛད་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་གོ་དང་ཨུ་རུ་སུ་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་པའི་ཐད་ལ་ཐུན་མོང་གི་ལྟ་བ་གལ་ཆེན་བཞག་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཁ་ཕྱོགས་གསལ་བོ་བསྟན། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཨུ་རུ་སུ་རྒྱལ་ཁབ་ཏུའུ་མའི་བར་གྱི་མཛའ་མཐུན་འབྲེལ་བ་ཧུར་ཐག་སྒོས་འཕེལ་རྒྱས་སུ་བཏང་སྟེ། དུས་བཅད་བརྗེ་རེས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་འདོད་ཡོད། ཀྲུང་གོ་དང་ཨུ་རུ་སུའི་ཁྲིམས་འཛུགས་ལས་ཁུངས་བར་གྱི་འབྲེལ་བ་ཧུར་ཐག་སྒོས་ཆུ་ཚད་གསར་བ་ཞིག་ཏུ་མཐོར་འདེགས་གཏོང་རྒྱུ་དེ་ཀྲུང་གོ་དང་ཨུ་རུ་སུ་ཕྱོགས་གཉིས་ཀྱི་ཁེ་ཕན་དང་མཐུན་ལ། ཀྲུང་གོ་དང་ཨུ་རུ་སུ་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་བསྲིང་དང་བདེ་བླག་སྒོས་འཕེལ་རྒྱས་སུ་གཏོང་བའི་ཁག་ཐེག་གལ་ཆེན་ཞིག་ཀྱང་ཡིན་ཟེར།

  ན་ལོས་ཧྲི་ཅིན་གྱིས་བཤད་རྒྱུར། ཨུ་རུ་སུ་དང་ཀྲུང་གོ་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་པ་དེ་ནི་ཨུ་རུ་སུའི་ཕྱི་ཕྱོགས་འབྲེལ་བའི་བྱེད་ཕྱོགས་གལ་ཆེན་ཞིག་ཡིན། ཀྲུང་གོ་བར་གྱི་བརྗེ་རེས་དང་མཉམ་ལས་རྒྱ་བསྐྱེད་པ་དང་གཏིང་ཟབ་ཏུ་སྤེལ་རྒྱུ་ནི་ཨུ་རུ་སུའི་སྲིད་ཏང་སོ་སོའི་ཐུན་མོང་གི་ལྟ་བ་ཡིན་ལ། ཨུ་རུ་སུའི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་ཡང་ཡིན། ཨུ་རུ་སུ་ཕྱོགས་ཀྱིས་གནད་དོན་གལ་ཆེན་ཐད་ནས་ཀྲུང་གོར་མུ་མཐུད་དུ་བློ་བརྟན་འགྱུར་མེད་སྒོས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 

  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་ཝུ་ར་ཀུའེ་ཙུང་ཐུང་མུའུ་ཞི་ཁ་དང་གླེང་མོལ་མཛད་པ།
  • ལེ་ཚན་རྗེས་མ།:རིན་ཆེན་ལྷ་མོས་གླིང་ཆེན་ཨེ་ཤ་ཡའི་བྲག་འཛེག་གཟེངས་ཐོན་འགྲན་སྡུར་གཉིས་ཀྱི་བྱ་དགའ་ཨང་དང་པོ་བླངས་པ།
  • དོ་སྣང་ཆེ་བའི་རྩོམ།