ཞི་ཅིན་ཕེན་གྱིས་ཝུ་ར་ཀུའེ་ཙུང་ཐུང་མུའུ་ཞི་ཁ་དང་གླེང་མོལ་མཛད་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-05-29

ཞི་ཅིན་ཕེན་གྱིས་ཝུ་ར་ཀུའེ་ཙུང་ཐུང་མུའུ་ཞི་ཁ་དང་གླེང་མོལ་མཛད་པ།
སྤྱི་ཟླ༥བའི་ཚེས༢༧ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཝུ་ར་ཀུའེ་ཙུང་ཐུང་མུའུ་ཞི་ཁ་དང་གླེང་མོལ་མཛད།

 རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ5བའི་ཚེས27ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཝུ་ར་ཀུའེ་ཙུང་ཐུང་མུའུ་ཞི་ཁ་དང་གླེང་མོལ་མཛད། རྒྱལ་ཁབ་གཉིས་ཀའི་མགོ་གཙོས་ཕྱོགས་གཉིས་ཀའི་འབྲེལ་བ་གོང་དུ་སྤེལ་བའི་ཐད་ནས་དགོངས་འཆར་བརྗེ་རེས་ཟབ་མོ་བྱས་ཏེ། ལྟ་བ་ཡོངས་ཁྱབ་ཏུ་གཅིག་མཐུན་བྱུང་།

  ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ཝུ་ར་ཀུའེ་བར་འབྲེལ་བ་བཙུགས་ཏེ་ལོ་ཉེར་ལྔའི་རིང་། ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་བྱས་ཏེ། གནས་ཚུལ་མི་འདྲ་བ་དང་རྒྱང་ཐག་རིང་བའི་རྒྱལ་ཁབ་གཉིས་གྲོགས་པོ་བཟང་བོར་གྱུར་བ་ལས་གཞན། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་མཐུན་སྒྲིལ་མཉམ་ལས་བྱེད་པའི་མིག་དཔེར་གྱུར། ཝུ་ར་ཀུའེ་ཡིས་དར་རྒྱས་ཆེ་བའི་རྒྱལ་ཁབ་འབྲིང་རིམ་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་བཏོན་པ་དང་། ཀྲུང་གོ་མི་དམངས་ཀྱིས་རྒྱལ་ཁབ་སྟོབས་འབྱོར་དང་། མི་རིགས་དར་སྤེལ། མི་དམངས་བདེ་སྐྱིད་ཡོང་བར་འབད་འཐབ་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝུ་ར་ཀུའེ་ཕྱོགས་དང་བརྗེ་རེས་དང་མཉམ་ལས་བྱེད་པར་སྣོན་པ་དང་། འཕེལ་རྒྱས་གོ་སྐབས་མཉམ་སྤྱོད་བྱས་ཏེ། མཉམ་དུ་འགྲན་རྩོད་ལ་ཁ་གཏད་འཇལ་བ་དང་། ཀྲུང་གོ་དང་ཝུ་ར་ཀུའེ་བར་གྱི་འབྲེལ་བ་དེ་སྔར་ལས་བརྟན་པོའི་ངང་ཇེ་ཟབ་ཏུ་གཏོང་བར་ཡར་སྐུལ་གཏོང་འདོད་ཡོད་ཅེས་ནན་གྱིས་བསྟན།

  མུའུ་ཞི་ཁ་ཡིས་ལ་ཏིན་མེ་གླིང་གཅིག་གཞི་ཏུ་སྒྱུར་བའི་འཕེལ་རིམ་དང་ལྷོ་ཕྱོགས་ཐུན་མོང་ཁྲོམ་ར་འཛུགས་པའི་གནས་ཚུལ་མཚམས་སྦྱོར་བྱས།
གླེང་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀའི་མགོ་གཙོ་དཔལ་འབྱོར་ཉོ་ཚོང་དང་། སློབ་གསོ། ཆ་འཕྲིན་འཕྲིན་གཏོང་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས། 


 

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས་ཇོ་མོ་གླང་མ་རྟགས་ཅན་གྱི་ཡུལ་སྐོར་ཆེད་གཏོང་མེ་འཁོར་ཤར་གཏོང་བྱེད་རྒྱུ་རེད།
  • ལེ་ཚན་རྗེས་མ།:ཀྲང་ཏེ་ཅང་ཡིས་ཨུ་རུ་སུ་རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་ན་ལོས་ཧྲི་ཅིན་དང་གྲོས་མོལ་མཛད་པ།
  • དོ་སྣང་ཆེ་བའི་རྩོམ།