ལི་ཐང་རྫོང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ནན་འགོག་བྱས།

(དབྱངས་ཅན་གྱིས་བསྒྱུར།)        2013-05-06

ནགས་ཚལ་དང་རྩྭ་ཐང་དུ་མེ་སྐྱོན་འགོག་སྲུང་ནན་པོ་བྱེད་ཆེད། ལི་ཐང་རྫོང་གིས་བྱེད་ཐབས་གསར་སྣོན་དང་ཐོན་ཁུངས་ཕྱོགས་བསྡུས་ལེགས་སྒྲིག་བྱ་རྒྱུ་ཡིས་གཙོ་བོ་བྱས་ཏེ། ཕྱོགས་མང་པོའི་ཐད་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ལས་ཀར་ཤུགས་སྣོན་བརྒྱབ་པ་རེད། 
  ན་ནིང་ལོའི་དགུན་ཁ་དང་ད་ལོའི་དཔྱིད་ཁ་ནས་བཟུང་། ལི་ཐང་རྫོང་ལ་ཁ་བ་དང་ཆར་ཆུ་ཉུང་བས་བསྟུད་མར་ཐན་པ་བྱུང་ནས་ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་བྱུང་ཉེན་ཆེ་བ་དང་ཆབས་ཅིག  དུར་མཆོད་དུས་ཆེན་སླེབས་གྲབས་ཡོད་པས། སྤོས་བདུག་ནས་མཆོད་འབུལ་བྱེད་པ་སོགས་བྱེས་སུ་མེ་སྤྱོད་པའི་བྱ་སྤྱོད་ཇེ་མང་དུ་ཕྱིན་ནས་ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་གྱི་གནས་ཚུལ་སྔར་བཞིན་ཚབས་ཆེན་ཡིན་པ་རེད། རྫོང་དེས་གནས་ཚུལ་དེ་དག་སྔོན་འགོག་བྱེད་པ་དང་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་འགན་སྲུང་བྱེད་ཆེད།《ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ལས་ཀ་སྔར་ལས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བྲེལ་མྱུར་གྱི་སྦྱོང་བརྡ》གཏོང་སྤྲོད་བྱས་ནས། རིམ་པ་ཁག་དང་སྡེ་ཁག་སོ་སོས་ཟླ་བ2པའི་ཚེས27ཉིན་འཚོགས་པའི་ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ལས་ཀར་སྐུལ་འདེད་གཏོང་བའི་བརྙན་འཕྲིན་གྲོས་ཚོགས་ཀྱི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ཡག་པོ་བྱ་རྒྱུ་སྒྲིག་འཛུགས་བྱ་རྒྱུ་དང་། ཁོངས་གཏོགས་ས་ཆའི་དོ་དམ་གྱི་རྩ་དོན་ལྟར་ཁོངས་གཏོགས་ས་ཁུལ་སོ་སོ་དང་འགན་འཁྲིའི་ཁྱབ་ཁོངས་ནང་གི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ལས་ཀ་ཡག་པོ་འཛིན་དགོས་པའི་བླང་བྱ་བཏོན་པ་རེད། རྫོང་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་བཀོད་འདོམས་པུའུ་ཡིས་རྫོང་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་ཆུས། ཤང་། གྲོང་རྡལ་སོགས་་ཀྱིས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྐབས་དང་དུར་མཆོད་དུས་ཆེན་སོགས་ཉེ་དུས་ཀྱི་གལ་ཆེའི་དུས་ཆེན་སྐབས་ནགས་ཚལ་དང་རྩྭ་ཐང་གི་ལྟ་སྐུལ་ཞིབ་བཤེར་དང་། དྲིལ་བསྒྲགས་སློབ་གསོ། མངོན་མེད་རྐྱེན་ངན་མེད་པ་བཟོ་བ་བཅས་ཀྱི་ལས་ཀ་ཟབ་ཏུ་སྤེལ་དགོས་པའི་བླང་བྱ་བཏོན་པ་རེད། དུས་མཚུངས་སུ་ནགས་ལས་དང་། ཞིང་འབྲོག མེ་གསོད། བདེ་འཇགས་ལྟ་སྐུལ་སོགས་སྡེ་ཁག་མང་པོ་ལས་གྲུབ་པའི་མཉམ་འབྲེལ་ལས་སྒྲུབ་ཚོ་ཆུང་གིས་རྫོང་ཁུལ་གྱི་ས་གནས་གཙོ་བོ་དང་ཆུས་ཤང་གི་ནགས་ཁུལ། ལྗོངས་རྒྱུའི་མཛེས་ལྗོངས་ས་ཁུལ་སོགས་མེ་སྐྱོན་བྱུང་སླ་བའི་ས་ཁུལ་ལ་ཡོངས་ཁྱབ་ཞིབ་བཤེར་བྱས་པ་དང་མངོན་མེད་རྐྱེན་ངན་ཡོད་སར་ཕྱོགས་བསྡུས་ལེགས་སྒྲིག་བྱས་པ་རེད།
  • ལེ་ཚན་སྔོན་མ།:དར་མདོ་རྫོང་གིས་སྲེའུ་ཆེན་པོ་འདེབས་འཛུགས་བྱེད་སྟངས་ཀྱི་ལག་རྩལ་ཞིང་པར་བསླབས།
  • ལེ་ཚན་རྗེས་མ།:ཡོ་རོབ་ཀྱི་བྲོ་བ་མངར་ལྡན་གྱི་སྲེའུ་ཆེན་པོ་རོང་བྲག་ལ་འདེབས་འཛུགས་བྱས།
  • དོ་སྣང་ཆེ་བའི་རྩོམ།