དར་མདོ་རྫོང་གིས་སྲེའུ་ཆེན་པོ་འདེབས་འཛུགས་བྱེད་སྟངས་ཀྱི་ལག་རྩལ་ཞིང་པར་བསླབས།

        2013-05-06

དར་མདོ་རྫོང་རི་སྐེད་ཤང་རི་སྨད་སྐེད་གྲོང་ཚོའི་སྲེའུ་ཆེན་པོ་འདེབས་འཛུགས་བྱེད་པའི་རྣམ་གྲངས་ནི་2011ལོའི་རྫོང་དེའི་དབུལ་སྐྱོར་ལས་ཀ་ཡོངས་སུ་སྐུལ་འདེད་བཏང་བའི་རྣམ་གྲངས་ཀྱི་ཡ་གྱལ་ཞིག་ཡིན་པ་དང་། རྣམ་གྲངས་དེས་ཕན་འབྲས་ཆེ་རུ་འདོན་སྤེལ་བྱ་རྒྱུ་དང་མང་ཚོགས་ལ་དེ་བས་མང་བའི་ཁེ་ཕན་ཐོབ་པར་ཁག་ཐེག་བྱེད་ཆེད། མིག་སྔར་ལས་ཀའི་སྤྱོད་ཚུལ་འཕོ་འགྱུར་གཏོང་བ་དང་མང་ཚོགས་ལས་ཀ་འབྲེལ་འདྲིས་དམ་ཟབ་བྱེད་པ་དང་ཟུང་འབྲེལ་བྱས་པ་རེད། ཉེ་ཆར། རྫོང་དེའི་འབྲེལ་ཡོད་ཁག་གིས་ཞིང་ཆེན་གྱི་ཞིང་ལས་ཚན་རྩལ་ཁང་དང་། ཁུལ་ཞིང་ལས་ཚན་རྩལ་ཁང་གི་ཆེད་རམས་པ་གདན་འདྲེན་ཞུས་ནས་རི་སྨད་སྐེད་གྲོང་ཚོའི་གྲོང་མི་ལ་སྲེའུ་ཆེན་པོ་འཛུགས་སྟངས་སྦྱོང་བརྡར་བྱས།
  གསོ་སྦྱོང་གྲོས་ཚོགས་ཐོག ཞིང་ཆེན་གྱི་ཞིང་ལས་ཚན་རྩལ་ཁང་གི་འབུར་རམས་པ་ལི་ཧོང་ཝུན་གྱིས་སྲེའུ་ཆེན་པོའི་ས་བོན་རིགས་དང་། ཤིང་ཕུག་ནས་མཐུད་སྦྱོར་བྱེད་པའི་ལག་རྩལ། འདེབས་འཛུགས་དོ་དམ་ལག་རྩལ་བཅས་ཕྱོགས་གསུམ་གྱི་ཐད་ནས་གྲོང་མི་ལ་འགྲེལ་བཤད་ཞིབ་ཕྲ་བྱས་པར་ཟད། ཁུལ་དང་རྫོང་གི་མཐོ་རིམ་ཞིང་ལས་ལག་རྩལ་པ་དང་མཉམ་དུ་ཡུལ་དངོས་སུ་ཡལ་བཞུར་རྒྱག་པ་དང་ལག་རྩལ་ཁྲིད་སྟོན་བྱས་ནས། གྲོང་མི་ཚང་མ་ལ་ཡལ་བཞུར་རྒྱག་པའི་ལག་རྩལ་གྱི་གནད་འགག་ཁོང་དུ་ཆུད་བཅུག་པ་དང་། གྲོང་མི་ལ་སྲེའུ་ཆེན་པོ་འདེབས་འཛུགས་དོ་དམ་བྱེད་པའི་གཙོ་གནད་ལྟར་བཀོལ་སྤྱོད་བྱས་ནས། སྲེའུ་ཆེན་པོ་ཐོན་ལེགས་དང་སྤུས་ཚད་ལྡན་པ་ཡོང་ཐུབ་པ་བྱས་ཏེ་ཞིང་པའི་ཡོང་འབབ་འཕར་ཐབས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
  • ལེ་ཚན་སྔོན་མ།:བྱང་ཆུབ་ཀྱིས་གསེར་ཐར་རྫོང་དམངས་འཚོ་ལས་གྲྭ་མཐུན་སྦྱོར་བྱ་རྒྱུར་སྐུལ་འདེད་ཚོགས་འདུའི་ཐོག་ཤུགས་ཆེན་པོས་
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ནན་འགོག་བྱས།
  • དོ་སྣང་ཆེ་བའི་རྩོམ།