བྱང་ཆུབ་ཀྱིས་གསེར་ཐར་རྫོང་དམངས་འཚོ་ལས་གྲྭ་མཐུན་སྦྱོར་བྱ་རྒྱུར་སྐུལ་འདེད་ཚོགས་འདུའི་ཐོག་ཤུགས་ཆེན་པོས་སྐྱེ་ཁམས་ཕྱུགས་འབྲོག་གི་བྱ་བ་གཉིས་ཡག་པོ་བསྒྲུབ་དགོས་ཞེས་བླང་བྱ་བཏོན།

(སྒྲོལ་མ་ཚེ་མཚོས་བསྒྱུར།)        2013-05-06

ཟླ་བ4པའི་ཚེས25ཉིན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གསེར་ཐར་གྱི་དམངས་འཚོ་ལས་གྲྭ་མཐུན་སྦྱོར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཚོགས་འདུ་འཚོགས་ནས་ཆེད་དུ་གསེར་ཐར་རྫོང་གི་འཕེལ་རྒྱས་དང་སྐུལ་འདེད་རྣམ་གྲངས་དོན་འཁྱོལ་བྱ་རྒྱུར་ཞིབ་འཇུག་བྱས་པ་རེད།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བྱང་ཆུབ་ཀྱིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས།ཁོང་གིས་གསེར་ཐར་རྫོང་ཨུས་གོ་སྐབས་དམ་འཛིན་བྱས་ནས་གནད་ཆེ་གཙོར་བཟུང་དང་བྱེད་ཐབས་ཞིབ་ཚགས་བླངས་ནས་རང་ཉིད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལྗིད་ཡང་དང་དལ་བྲེལ་གསལ་འབྱེད་བྱས་མཐར།དམངས་འཚོ་རྣམ་གྲངས་གཅིག་བསྡུས་ལེགས་སྒྲིག་བྱས་ནས་ཤུགས་ཆེན་པོས་སྐྱེ་ཁམས་ཕྱུགས་འབྲོག་གི་བྱ་བ་གཉིས་ཡག་པོ་བསྒྲུབ་དགོས་ཞེས་བླང་བྱ་བཏོན་པ་རེད།
ཁུལ་ཨུའི་རྒྱུན་ཨུ།ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་བྱམས་བློ་དང་ཁུལ་ཨུའི་རྒྱུན་ཨུ།འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཏོན་ནེང་ཁའེ།ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀྲང་ཕིང་ཧྲེང་།ཧྲུའུ་ཏ་ཁྲུན་བཅས་གྲོས་ཚོགས་ནང་ཞུགས་ནས་རང་རང་སོ་སོས་ལས་བགོ་འགན་ཁུར་ལས་ཀ་དང་ཟུང་འབྲེལ་བྱས་ནས་གྲོས་གཞི་དང་བསམ་འཆར་བཏོན་པ་རེད།
བྱང་ཆུབ་ཀྱིས་ནན་གསུང་གནང་དོན།འཕེལ་རྒྱས་གཏོང་རྒྱུར་དམ་འཛིན་བྱེད་པ་ནི་བརྟན་བརླིང་དམ་འཛིན་བྱེད་པ་ཡིན་ལ། བརྟན་བརླིང་སྲུང་སྐྱོང་བྱེད་པ་ནི་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ་ཡིན་པས།དེ་གཉིས་ནི་རྩོད་སྒྲུབ་གཅིག་གྱུར་རེད། གསེར་ཐར་རྫོང་གིས་ཐོབ་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་རྣམ་གྲངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ་དང་།འཕེལ་རྒྱས་ལ་བརྟེན་ནས་བརྟན་བརླིང་ལ་སྐུལ་འདེད་བཏང་ནས་ཐབས་བརྒྱ་ཇུས་སྟོང་གིས་ཡག་པོ་བསྒྲུབ་དགོས།འགྲིམ་འགྲུལ་དང་།ནུས་པའི་འབྱུང་ཁུངས།རྨང་གཞི་སྒྲིག་ཆས་སོགས་དམངས་འཚོ་ལས་གྲྭའི་རྣམ་གྲངས་ལས་ཀ་ཞིབ་ཚགས་བསྒྲུབས་ནས་ཤུགས་ཆེན་པོས་གསེར་ཐར་རྫོང་གི་གནས་ཚུལ་ལེགས་བཅོས་གཏོང་བ་དང་།རྫོང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བར་བརྟེན། རྫོང་དེའི་རྒྱ་ཆེའི་མང་ཚོགས་ཀྱི་ཡོང་འབབ་འཕར་བ་དང་ཕྱུག་འགྱུར་ཡོང་བ་བྱེད་དགོས།ཁུལ་རིམ་པའི་སྡེ་ཁག་སོ་སོས་ཀྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་གཅིག་གྱུར་གྱི་བཀོད་སྒྲིག་ལྟར།མཐུན་སྦྱོར་དང་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ངེས་པར་དུ་སེམས་ཤུགས་གཅིག་སྒྲིམ་གྱིས་རྒྱབ་སྐྱོར་ཆེན་པོ་བྱས་ནས་རྫོང་དེའི་དམངས་འཚོ་ལས་གྲྭའི་རྣམ་གྲངས་དངོས་སུ་དོན་འཁྱོལ་དངོས་བྱ་རྒྱུར་འགན་སྲུང་བྱེད་དགོས།
  • ལེ་ཚན་སྔོན་མ།:ཡུལ་མི་ཚོ་ཕྱུག་འབྱོར་གཏང་རྒྱུ་ནི་མང་ཚོགས་ལས་ཀའི་གནད་འགག་ཡིན།
  • ལེ་ཚན་རྗེས་མ།:དར་མདོ་རྫོང་གིས་སྲེའུ་ཆེན་པོ་འདེབས་འཛུགས་བྱེད་སྟངས་ཀྱི་ལག་རྩལ་ཞིང་པར་བསླབས།
  • དོ་སྣང་ཆེ་བའི་རྩོམ།