བོད་ཟས་བདུད་རྩིའི་བུམ་པ།

        2010-11-04

                                  དབྱར་རྩྭ་སེར་ཀྲིང་།
དབྱར་རྩྭ་དགུན་འབུ་དེ་སེར་ཤའི་ཐོག་གང་རུང་ཞིག་བཙུགས་ཏེ་ཚྭ་དང་ཤིང་ཀུན་བླུགས་ནས་རླངས་ཚགས་སུ་རླངས་བཙོས་རྒྱག་དགོས་པ་དང་དེ་རྗེས་སེར་ཤ་དང་དབྱར་རྩྭ་དགུན་འབུ་སྡེར་མའི་ནང་བཏོན་པ་དང་འབྲེལ་ཁུ་བ་རྣམས་ཚལ་སླང་ནང་བླུགས་ཐོག་ཕིང་རྩམ་ཆུ་སྦང་ཕྲན་ཙམ་བརྒྱབ་ནས་འཁོལ་ཙམ་བྱུང་རྗེས་སྡེར་མའི་ནང་གི་དབྱར་རྩྭ་དང་སེར་ཤའི་ཐོག་སྟོར་ན་འཐུས།
དབྱར་རྩྭ་ཤ་རིལ།
དབྱར་རྩྭ་དགུན་འབུ་དང་ཉ་ཤ་གཙོ་བོ་དགོས་ཤིང་སྔོན་དུ་དབྱར་རྩྭ་དགུན་འབུ་རླངས་ཚགས་ནང་རླངས་བཙོས་རྒྱག་དགོས་པ་དང་ཉ་ཤའི་རུས་པ་རྣམས་འཕྱུངས་ཏེ་ཤ་གྲིའི་ལྟག་པས་གཙབ་དགོས། དེ་རྗེས་སྒོ་ངའི་སྤྲི་དཀར་དང་ཕིང་རྩམ་སྐམ་པོ་བསྲེས་ནས་ཤ་རིལ་བཟོས་ཏེ་མར་ཁུའམ་སྨུམ་གྱིས་བཀྲག་ནས་ཤ་རིལ་སྟེང་དུ་དབྱར་རྩྭ་དགུན་འབུ་བཙུགས་ནས་སྡེར་མའི་ནང་དུ་བཏོན་པ་འབྲེལ་ཚལ་སླང་དུ་མར་བཞུས་ནས་སྨན་སྣ་ལྒ་སྨུག་དང་། ཚྭ། རི་སྒོག ཕིང་རྩམ་ཆུ་སྦང་བཅས་བརྒྱབ་པའི་ཐོག་ཆུ་ཕྲན་ཙམ་བླུགས་ནས་མཉམ་དུ་བསྐོལ་ཏེ་དབྱར་རྩྭ་དགུན་འབུ་དང་ཉ་རིལ་གྱི་སྟེང་དུ་བླུགས་ན་འགྲིག
དབྱར་རྩྭ་བླ་བྲང་།
དབྱར་རྩྭ་དགུན་འབུ་ནི་གོང་གསལ་ལྟར་ཀྲིང་དགོས་པ་དང་བྱ་དེའི་བྲང་ཁོག་གི་ཤ་ལྷེབ་ལྷེབ་ཏུ་གཏུབས་ཏེ་ཁྲམ་བརྒྱབ་ཐོག་སྒོ་ངའི་སྤྲི་དཀར་དང་ཕིང་རྩམ་སྐམ་པོ་བསྲེས་ཏེ་མར་ཁུའི་ནང་བཀྲག་ནས་འདོན་དགོས། དེ་རྗེས་ཚལ་སླང་ནང་མར་ཕྲན་ཙམ་བླུགས་ཏེ་ཚྭ་དང་། ལྒ་སྨུག ཕོ་རིལ། བཙོང་། ཕིང་རྩམ་ཆུ་སྦང་། བྱ་ཤ། དབྱར་རྩྭ་དགུན་འབུ་བཅས་རོབ་ཙམ་བསྐོལ་ནས་སྡེར་མའི་ནང་དུ་འདོན་དགོས།
དབྱར་རྩྭ་སྒོང་ཀྲིང་།
སྔོན་ལ་སྒོ་ངའི་སྤྲི་དཀར་དང་སེར་རིལ་ཁག་སོ་སོར་དཀར་ཡོལ་ནང་བླུགས་ཏེ་རླངས་ཚགས་སུ་ཀྲིང་བ་དང་།དབྱར་རྩྭ་དགུན་འབུ་གོང་གསལ་བཞིན་ཀྲིང་རྒྱུ། དེ་རྗེས་ངའི་སྤྲི་དཀར་དང་སེར་རིལ་ལྷེབ་ལྷེབ་ཏུ་གཏུབས་ནས་དབྱར་རྩྭ་དགུན་འབུ་དེ་ཐོག་ཏུ་བཙུགས་ཏེ་སྡེར་མའི་ནང་བཏོན་པ་དང་འབྲེལ་ཚལ་སླང་དུ་མར་ཁུ་བཞུར་ཏེ་ལྒ་སྨུག་དང་། ཚྭ། གཡེར་མ། སུན་པན་བཅས་བཏབ་དགོས་པའི་ཐོག་ཕིང་རྩམ་ཆུ་སྦང་བརྒྱབ་ནས་སྡེར་མའི་ནང་གི་སྒོ་ང་དང་དབྱར་རྩའི་སྟེང་དུ་བླུགས་དགོས། །
དབྱར་རྩྭ་ཤ་བསྐོལ།
དབྱར་རྩྭ་དགུན་འབུ་ནི་གོང་གསལ་ལྟར་ཀྲིང་དགོས་པ་དང་ལུག་ཤའམ་ཕག་ཤའི་སྒལ་ཚིགས་ཀྱི་ཤ་ལྷེབ་ལྷེབ་སྲབ་པོ་གཏུབས་ནས་ཕིང་རྩམ་ཆུ་སྦང་དང་མཉམ་དུ་བསྲེས་ཏེ་མར་ཁུའི་ནང་བརྔོས་རྗེས་སྨན་སྣ་ལྒ་སྨུག་དང་ཚྭ། ཀ་ཀོ་ལ། ཟི་ར་བཅས་བརྒྱབ་པ་དང་ཆབས་ཅིག་ཕིང་རྩམ་ཆུ་སྦང་བླུགས་ནས་སྡེར་མའི་ནང་བཏོན་ཐོག་དེའི་སྟེང་དབྱར་རྩྭ་དགུན་འབུ་ཤའི་སྒང་དུ་སྟོར་དགོས། ཐོག་མར་མེ་ཚད་ཆེ་བ་དང་མཇུག་ཏུ་འབྲིང་བ་གཏོང་དགོས།
  • ལེ་ཚན་སྔོན་མ།:བོད་ཀྱི་བཟའ་བཏུང་རིག་གནས་ཀྱི་འཕེལ་འགྱུར།
  • ལེ་ཚན་རྗེས་མ།:བོད་ཟས་སྒོ་ང་འུ་སུ་བཟོ་སྟངས།